[A:84]ཕོག ནད་པ་བདུན་ཙམ་དུས་གཅིག་ལ་བྱུང་བ་རྣམས་གཞན་ལ་མཆེད་ཀྱི་དོགས་ནས༑ རྫོང་གསར་ནས་རྒྱང་གྲགས་ཙམ་གྱི་ས། འཆད་པའི་གྲོག་ནང་དུ་བཀར་ནས་དེ་དག་གི་ནད་གཡོག་མཛད་དགོས་པ་བྱུང༌། དེ་དུས་ཆོས་རྗེ་ལོ་ཆེན་གྱིས་རྩ་ཤེའི་ཊྭཱིཀྐ་བརྩམ། དེ་བརྩམ་ཚར་རིམ་གྱིས་དགོས་སུ་བཞེངས་ནས་གཟིགས་རྟོག་མཛད་པར་བཞེད་པ་ན། ཡིག་མཁན་གཞན་དུ་ཡེ་མ་བརྙེད་པར། རྫོང་གསར་དེ་ནས་དཔག་ཚད་ཙམ་གྱི་ས། ལང་འགྲོ་ཕུའི་བདེ་ཆེན་དུ་ཡིག་མཁན་ཞིག་ལ་འཆོལ་དགོས་པ་བྱུང་ནས། ཉིན་པར་ཉིན་རངས་དུ་ཆོས་མང་པོ་རྣམས་གསན། ཉི་མ་ནུབ་མཚམས་སུ་དེ་རིང་བརྩམས་ཚར་བའི་མདའ་ཚད་ཤོག་རེ་ཙམ་བྱུང་བ་དེ་ཕྱག་ཏུ་བསྣམ་ནས། ནད་པའི་སར་བྱོན་ཏེ། ཐུག་པ་རེ་སྐོལ་ནས་སྦྱིན་པ་དང༌། སྨན་གཏོང་བ་དང༌། ཟས་སྙོད་པ་དང༌། གོས་བསྐོན་པ་དང༌། གཤང་གཅི་འདོར་བ་ལ་སོགས་རྣམས་ལེགས་པར་མཛད་པ་ན་མུན་རུབ་རྟིང་ཙམ་དུ་འགོར། དེ་ནས་འཆད་པའི་བྱེ་ལ་ལ་མཛད་ནས། ལང་འགྲོའི་གཞུང་དེད་མཛད་དེ། མགྱོགས་པར་མཛད་བྱོན་ན་ཡང༌། བདེ་ཆེན་དུ་ནམ་ཕྱེད་ཡོལ་ཙམ་ལ་ཕེབས། དེ་རིང་གི་མ་ཕྱི་དེ་ཡིག་མཁན་ལ་གཏད་ཁོས་བྲིས་ཚར་བ་དེ་ཕྱག་ཏུ་བསྣམ་ནས་མགྱོགས་པར་བྱོན་པ་ན། ནད་པའི་སར་ནམ་ལངས་ཁར་ཕེབས། ཡང་ནད་གཡོག་གི་རིམ་པ་དེ་གང་དགོས་རྣམས་མཛད། ཚ་བཞེས་ཀྱི་རྣམ་པ་ཚར་མ་ཐག་ཏུ། ཆོས་དུང་ཡོང༌༑ མགྱོགས་པར་འབྱོན་པས་གསུང་ཆོས་ཟིན་ཙམ་ཡོང་བ་ཡུན་རིང་དུ་མཛད། དེ་ལྟར་མཛད་པ་ན། ཡིག་མཁན་དེ་མཚན་མོ་སྒོ་འབྱེད་པའི་རྩོལ་བས་སུན་ཏེ་བྲིས་ཚར་པ་རྣམས་ཕྱིའི་རྩིབས་སྲུབས་སུ་བཞག་སྟེ། གནས་འདི་འདྲ་ན་ཡོད་པས་ལོང་ལས་འབྲི་རྒྱུ་ཡང་དེར་ཞོག་ཅེས་ཟེར་ནས་དེ་ལྟ་བུ་ཟླ་བ་གཉིས་ལྷག་གི་བར་