R1150: སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར།

  • Pagination (Witness A): 85
[A:85]དུ་བྱས་པས་ནད་པ་རྣམས་ཀྱང་ལེགས་པར་གསོས། གསུང་ཆོས་ཀྱང་ཚིག་འབྲུ་གཅིག་ཏུ་ལོངསལོང་པ་མ་ཆགཕྱག་དཔེ་ཡང་ལེགས་པར་འགྲུབ་ཅེས་དངོས་སུ་ཞལ་ལས་ཐོས་ཏེ། ངེས་པར་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་རྫོགས་པར་གདོན་མི་ཟ་བའི་རྣམ་ཐར་དུ་སྣང་བས་དམ་པ་རྣམས་ཀྱིས་ཐོས་མ་ཐག་ཏུ་ཐལ་མོ་སྦྱར་ཞིང་འདུད་པའི་གནས་ཡིན་ལ། དམན་པ་རྣམས་ཀྱིས་ནི། རྗེས་སུ་ཡི་རང་བ་ཙམ་ཡང་བྱ་བར་དཀའ་སྟེ། རང་ཉིད་ཀྱི་བློ་ལ་མི་ཤོང་བའི་ཕྱིར་རོ།། ཕྱིས་དགུང་ལོ་དྲུག་ཅུ་བགྲངས་པའི་ཚེ་ཡང་མཚན་མོ་མནལ་ཡེ་མི་མཛད་པར་ཞབས་སྐོར་དང་ཐུགས་དམ་མཛད་པ་ན། བདག་གྀས་ཀྱང་ཡུན་རིང་པོའི་བར་དུ་ཕྱག་ཕྱི་བྱས། སྙུགས་བུད་ནས། མ་མཉམ་པས་མ་མཉམ་པ་ཡིན་སྙམ་དུ་སྒྱྀད་ལུག་སྟེ། ལྐོག་འཁྲིས་དེར་ཉལ་ནས་བསྡོད་དགོས་པ་རྒྱུན་དུ་བྱུང་བས་གོང་གི་རྣམ་ཐར་དེ་དག་ལ་ངེས་པ་གཏིང་ཚུགས་པ་རྙེད་དོ། །དེ་རྣམས་ཀྱི་དུས་སུ་སྦྱངས་པའི་ཡོན་ཏན་ནམ་བཟའ་ཆོས་གོས་རྣམ་པ་གསུམ་བྱིན་བརླབས་ཆགས་ཙམ་རེ་དང༌༑ གཟིམས་ཆས་ཕྱིང་སེར་གྲུ་བཞི་གཅིག་ལ་ཡུན་རིང་དུ་བརྟེན། གནས་མལ་ཡང་གད་སྐྱིབས་དང༌། རྩིག་ར་དང༌། ཕུག་པ་རེ་ཙམ་ལ་མཛད། ཆོས་འཁོར་དུ་ཕེབས་ནས་ཀྱང༌། ཕུག་པ་བྱང་དུ་གྲགས་པའི་གད་སྐྱིབས་ལ་བཞུགས་གདིང་་སྒོའི་རྣམ་པ་མཛད་དེ་བཞུགས། ཞལ་ཟས་ཀྱང་གྲོགས་གཞན་རྣམས་ཐུག་པ་སྐོལ་བར་བརྩམ་པ་ན། གསོལ་ལྷུང་བསྣམས་ཏེ་སྤྱོད་ཡུལ་གྱི་གྲོང་རྣམས་སུ་བསོད་སྙོམས་ལ་བྱོན་པས་ཕལ་ཆེར། ཚྭ་རྩམ་དེ་མ་ཐག་ཏུ་བརྙེད་པས། ཕེབས་པ་ན་གྲོགས་ཀྱི་ཐུག་པ་ཁོལ་བ་ཡོང༌། རེས་འགའ་ནི། སྲེད་མེད་དང་ཟར་མའི་རྩམ་པ་ཕྱེ་སྐག་གི་ཟུར་ཙམ་རེ་ལས་མ་རྙེད་པ་དང༌། ཤ་རུ་ནས་མ་རྙེད་པ་