[A:72]ཐང་གི་སློབ་དཔོན་ཆེ་བའི་སར་ཕེབས་སློབ་དཔོན་ཤཱཀ་བསོད་པའི་གྲྭ་ཚང་གི་འཆད་ཉན་པ་མཛད། ཀུན་གྱི་མཁས་པའི་ནང་དུ་ལེགས་པར་བགྲངས་བ་དང་རྙེད་པ་དང་བཀུར་སྟི་ལ་སོགས་པའི་མཆོད་པར་བྱེད་ཀྱང༌། རིང་མོ་ཞིག་ནས་དུལ་བ་དང་ཞི་བ་དང་དེས་པའི་ངང་ཚུལ་ལ་ལེགས་པར་གོམས་པས་ཐུགས་ལ་ཁེངས་པ་དང་རློམ་པ་རྡུལ་ཙམ་ཡང་མི་མངལ་བས་མཐོང་ཐོས་ཀུན་གྱིས་བྱང་ཆུབ་སེམས་དཔའི་ནང་དུ་ལེགས་པར་བགྲངས་ནས་དད་པ་དང་གུས་པ་དང་མོས་པ་ཆེན་པོས་བཀུར་སྟི་ཆེས་ཆེར་རྒྱས་པར་གྱུར་ལ། དེ་ལྟར་སྙན་པ་དང་གྲགས་པ་དང་བསྟོད་བཀུར་ཇི་ལྟར་འཕེལ་བ་ཙམ་གྱིས་བདག་ཉིད་ཆེན་པོ་འདི་ང་རྒྱལ་དང་ཁེངས་པ་ཞི་ཞིང་སྐྱོ་བ་དང་ངེས་པར་འབྱུང་བ་དང་བྱམས་པ་དང༌། སྙིང་རྗེ་དང་བྱང་ཆུབ་སེམས་ལྷག་པར་འཕེལ་བར་གྱུར་ཏོ་ཞེས་ཞལ་ལས་དངོས་སུ་ཐོས་སོ།། དེ་ལྟར་ཐེག་པ་ཐུན་མོང་དང་ཐུན་མོང་མིན་པའི་ལམ་ཟབ་མོ་རྣམས་ཀྱིས་ཐུགས་རྒྱུད་ལེགས་པར་སྦྱོང་བ་ལ་བརྩོན་ཞིང༌། ཐོས་པ་དང་བསམ་པ་དང་བསྒོམསསྒོམ་པ་རྣམས་ཀྱིས་རང་ཉིད་མཁས་པ་དང་བཙུན་པ་དང་བཟང་པོའི་ཡོན་ཏན་གྱིས་ཕ་རོལ་དུ་སོན་པར་མཛད་པའི་ངང་ནས་འཆད་པ་དང་རྩོད་པ་དང༌། རྩོམ་པ་གསུམ་གྱིས་གདུལ་བྱའི་རེ་བ་ཡོངས་སུ་བསྐོང་བར་མཛད་པའི་སྐབས་སུ། སྤྱིར་གྱི་དུས་ཀྱི་དབང་གིས་རྒྱལ་ཁམས་མི་བདེ་བ་མང་པོས་གང་ཞིང༌། ཁྱད་པར་ཡར་ལུངསཀླུངས་དུ་གོང་མ་གྲགས་པ་རྒྱལ་མཚན་གྱིས་ཁྲི་ཐོག་ཏུ་ཕེབས་མ་ཐག་གི་དུས་དེར་རྫིང་ཆིཕྱི་དང་མ་འཆམས་པའི་དུས་གཟིངསཟིངས་ཆེས་ཆེ་བ༑ གོང་མ་ཉིད་ཀྱང་ཁྲབ་གྱོན་བཞིན་དུ་མཚན་མོ་ཡང་བཞུགས་དགོས་པ་སོགས་ལོ་གསུམ་གྱི་བར་དུ་བྱུང་བ་ལྟ་བུ་འཁོར་བ་སྤྱིར་དགོས་