R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 15
[A:15]མཚེས་ཀྱི་བྱིས་པ་འགའ་ལ་ཁས་སློབ་བྱས་ནས་འཇམ་དཔལ་མཚན་བརྗོད་ལ་སོགས་པ་མང་པོ་རྣམས། ལྷ་སྤར་སོགས་ཀྱི་རྟེན་གྱི་དྲུང་དུ། མར་མེ་ལྷ་བཤོས་སོགས་ཀྱི་མཆོད་པ་གང་འབྱོར་བཤམས་ནས། མཚན་ཕྱེད་ཀྱི་བར་དུ་ཁ་ཏོན་དུ་བྱས་པས་རྨི་ལམ་དུ་རྒྱ་ནག་རི་བོ་རྩེ་ལྔ་མཐོང་ཞིང་འཛེགས་པ་སོགས་ཀྱི་མཚན་མ་འགའ་རེ་དང༌། ཆོས་རྒྱལ་མ་ཙམ་གྱི་བསྟོད་པ་སྨོན་ལམ་རྣམས་ཚར་རེ་བྲིས་ཟིན་མ་ཐག་ཏུ་བློ་ལ་ཟིན་པ་དང༌། ལོ་རྒྱུས་འབྲིང་པོ་རེ་ཙམ་གདངས་མར་འདོན་པ་ཐོས་མ་ཐག་ཏུ་ཟིན་པ་སོགས་དང༌། རྨི་ལམ་དུ་ཉི་མ་ཤར་མཚམས་སུ། དུང་དཀར་དགུ་བཏུད་ནས་བུས་པ་སོགས་ཀྱི་རྨི་ལམ་འབྱུང་བ་སོགས་དང༌། རྒྱལ་སྲས་ཐོགས་མེད་ཀྱི་རྣམ་ཐར་ཀློག་པ་ལ་མིག་མཆི་མས་གང་སྟེ། ཀློག་འཕྲོ་འཇོག་དགོས་པ་སོགས་ཀྱི་དད་པ་དང༌། ངེས་བྱུང་འཕེལ་བའི་ངང་ནས་རྒྱ་སྟོན་རིན་པོ་ཆེ་དང༌། བཅོམ་ལྡན་ཆེན་པོ་སོགས་ལ་དབང་དང་ལུང་འགའ་རེའང་ཞུས། ཆོས་འཁོར་དུ་ཡི་གེ་འབྲི་བ་སོགས་ཀྱི་ངང་ནས་བཙུན་པ་གཅིག་འགྲུབ་ལ་ཁད་ཀྱི་དུས་སུ༑ ལས་ཀྱི་ནུས་པས་ཐོབ་རྒྱལ་དུ་ཡིག་མཁན་ལ་འབོད་མི་བསྟུད་མར་བྱུང་ནས་ལོ་བརྒྱད་ལྷག་གི་བར་དུ། ཧོར་འདྲར་གྲགས་པའི་སྤྱོད་པ་སྣ་ཚོགས་དབང་མེད་དུ་བྱེད་དགོས་བྱུང་བའི་ཚེ་ཡང༌། འཇམ་དབྱངས་ཀྱིས་དམ་བཅས་པའི་གཟུངས་རིང་སྟོང་ཕྲག་རེ་དང༌། མཚན་བརྗོད་གང་འགྲུབ། སྒྲོལ་མ། རྣམ་རྒྱལ་ཉི་ཤུ་རྩ་རེ་སོགས་ཆག་མེད་བྱེད་ལོ་བྱས་ཀྱང༌། ཟས་དང་སྤྱོད་ལམ་དང་གྲོགས་ཀྱི་གྲིབ་ཀྱིས་ཤེས་རབ་འཕྲལ་དུ་འགྲིབ་པ་སོགས་ཆོས་དང་མ་མཐུན་པའི་སྐྱོན་མང་དུ་བྱུང་ཡང༌༑ ཡི་གེ་དང་རྩིས་དང་རྡོ་དང་འཆོངསམཆོངས་ལ་སོགས་པའི་ལུས་ཀྱི་ཡོན་ཏན་དུ་མ་དང་ལྡན་པས། མཐོང་ཐོས་ཀུན་གྱིས་སྙན་པ་བརྗོད་པ་དང༌། ཁྱད་