R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 16
[A:16]པར་རིན་སྤུངས་སུ་ཕྱིན་པས་ནང་སོ་ནོར་བཟང་པ་སྐུ་མཆེད་དང་ན་མཉམ་པའི་སྟོབས་ཀྱིས། ཤིན་ཏུ་དགྱེས་ཏེ། ཕྱག་ཕྱིར་སྡཽད་དགོས་ཞེས་ནན་གྱིས་གསུང་པ་དང༌༑ དགོས་ཀྱི་དཔོན་པོས་ཀྱང༌། གཞིས་དང་གཞི་བ་སྦྲག་ནས་སྟེར་བ་སོགས་དུས་སྐབས་ལ་ལྟོས་པའི་ཕུན་ཚོགས་སུ་སྣང་བ་དུ་མ་མངོན་གྱུར་དུ་བྱུང་ནའང༌། སྔོན་གྱི་བག་ཆགས་བཟང་པོ་དང༌། བླ་མ་དཀོན་མཆོག་གི་བྱིན་རླབས་ལ་བརྟེན་ནས༑ ལོ་བཅུ་དྲུག་པ་ཙམ་ལ་གྲོགས་པོ་བསོད་ནམས་རིན་ཆེན་དང་ལྷན་ཅིག་ཏུ་འུག་ཚང་གཟུངས་སྒྲུབ་ཀྱི་བུམ་དབང་ཞུ་བ་ལ་ཕྱིན་པ་གཅིག་གི་ཚེ། མཆོག་ལུང་ཀག་ཎིའི་ཆོས་སྐྱོང་དང༌། གཞི་བདག་དཔང་དུ་བཙུགས་ནས་རབ་བྱུང་མི་བྱེད་རེའི་མནའ་ཡང་བསྐྱལ། ཆོས་འཁོར་དུ་ནི། ཐོབ་རྒྱལ་དང་ཉེ་བས་མི་གནང་ཙ་ན་ཤང་དགེ་འཕེལ་དུ་ཀུན་མཁྱེན་ཆེན་པོའི་དྲུང་དུའམ། ཡང་ན་གཞན་གཅིག་ཏུ་བཙུན་གཟུགས་བྱས། དེ་རྗེས་ཆོས་འཁོར་དུ། ལྐོག་བཙུན་བྱེད་པ་གང་འཐད་བྱེད་ཟེར་བའི་ངང་ལ་ལོ་ཤས་འགྱངས། སྣ་རྡོ་རེ་ཐུག་ནའང་མནའ་ཆད་དུ་དོགས་ཤིང༌༑ ཞག་ལའང་ལོའི་ཡུན་ཡོད་པ་ཙམ་གྱི་ངང་ནས། གོང་དུ་བརྗོད་པ་ལྟར་གྱི་མི་སྡེ་བསུ་བའི་ཞོར་ལ་འཐོན་ནས། རང་འདོད་པའི་ཇོ་བོ་ཡབ་སྲས་ཀྱི་གདན་སར་རབ་ཏུ་བྱུང་བ་ཐོབ་ནས། རིན་སྤུངས་མངའ་ཞབས་སོགས་ཀྱི་ཕྱོགས་མང་པོར་གྲགས་པས། ཆོས་ལ་མི་སེམས་པ་རྣམས། མྱ་ངན་བྱེད་པ་མང་ཞིང༌། ཕལ་མོ་ཆེས་ངོ་མཚར་དུ་འཛིན་ཏོ། ། གསུམ་པ་ནི། ཤེས་བྱ་ཀུན་ལ་ཐོས་བསམ་རབ་མཐར་སོན། །རིན་ཐང་མེད་པའི་བསྟན་འཛིན་ཆེན་པོ་ཀུན། །རྒྱལ་སྲས་སྤྱོད་པས་ཉིན་མཚན་ཀུན་ཏུ་བསྟེན༑ ༑དཔལ་འབྱོར་བཟང་པོས་བསྐྱངས་ལ་ཞེས་ཏེ། མཛོད་ལས། ཚུལ་