R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 20
[A:20]དེ་མ་ཐག་ཕ་རྒན་པས་ཀྱང་སླེབ། རྗེས་བསྙེགས་བྱས་འདུག ཆོས་འཁོར་གླིང་ཁྲོད་ན་འདུག་ཟེར་མཁན་བྱུང་ནའང༌། གར་འདུག་གཞན་དུ་འཚོལ་བའི་བར་ལ། རབ་བྱུང་གྲུབ། འབྲོམ་སྟོན་རིན་པོ་ཆེ་རྒྱལ་བའི་འབྱུང་གནས་ཀྱི་རྣམ་པར་འཕྲུལ་པ༑ དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། སེང་གེ་རྒྱལ་མཚན་དཔལ་བཟང་པོས། མཁན་པོ་མཛད། དེ་དུས་ཆོས་རྗེ་བྱང་སེམས་ཆེན་པོས་ཐོགས་དྲངས། ཆོས་འཁོར་ཚོགས་པ། རྣམ་གླིང་དུ་བདག་མོ་ཆེ་མོས་སྤྱན་དྲངས་ནས་མི་བཞུགས་པས༑ འུག་ཚང་རིན་པོ་ཆེ་ཚུལ་ཁྲིམས་དཔལ་བཟང་པོས་སློབ་དཔོན་མཛད། ཆོས་རྗེའི་ཐུགས་སྲས། སློབ་དཔོན་རིན་པོ་ཆེ་གྲགས་བཟང་པས་དུས་གོ་བ་མཛད་ནས་སྡོམ་པ་བླངས། དེ་མ་ཐག་ཏུ་དུས་གོ་བ་ལ་གསོ་སྦྱོང་གི་ཆོ་ག་བསླབས་ནས། གསོ་སྦྱོང་ལ་ཕྱིན། འུག་ཚངས་རིན་པོ་ཆེ་པས། ཕ་རྒན་ལེགས་པར་བྲིད། ཕྱིར་བཟློག།གསོལ་ཇ་སོགས་གནང༌། ཆོས་རྗེའི་བཀའ་ལུང་རྣམས་ལེགས་པར་བསྒྱུར། དད་པ་དང་ཤེས་རབ་འདུག་པས། ཆོས་འཁོར་སོགས་ཀྱི་བླ་མ་དང་སློབ་དཔོན་ཡོང་སྲིད་པས། མི་དགའ་བ་མ་བྱེད། ཅེས་སོགས་ལེགས་པར་གསུངས་ཀྱང༌། སྐྱེ་བོ་ཀུན་གྱིས་ཁང་དམར་བའི་བུ་ཤི་བ་ལས་ཀྱང་ཐུ། ཞེས་སྨྲ་བ་བྱུང་བའི་རྐྱེན་གྱིས། ཕ་མ་སོགས་མྱ་ངན་ལ་བཀོད་ཀྱང༌། ཕུག་ཕན་ལ་ལེགས་པར་བསམས་ཤིང༌། རང་ཉིད་རིང་མོ་ཞིག་ནས་རྒྱུན་དུ་བསམས་ཤིང༌། བསྒོམས་པའི་དོན་འགྲུབ། བསྟན་པ་རིན་པོ་ཆེའི་ནང་དུ་ཚུད། དགེ་བའི་བཤེས་གཉེན་བསླབ་གསུམ་གྱི་ནོར་ལ་སྤྱོད་པ་རྣམས་དང༌། ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ལྷན་ཅིག་ཏུ་ཐོབ་པས་མི་ལུས་ལ་སྙིང་པོ་ཐོག་མར་ལོན་པ་ཡིན་ནོ། །དེ་ནས་དེ་མ་ཐག་ཏུ། སློབ་དཔོན་གྲགས་བཟང་པ་ལ་གནས་ཀྱི་བླ་