R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 21
[A:21]མ་ཞུས། འཕྲལ་གྱི་ཆོས་སྤྱོད་སྤྱི་དགོས་རྣམས་ནི་བློ་ལ་ཡོད། སང་ཞོགས་པ་ཀཱ་རི་ཀཱ་ལྔ་བཅུ་པ་བློ་ལ་བཟུང༌། དང་པོ་ཆུང་དུས་ཀྱི་འཛིན་བློ་ཡིན་ན། ཞོགས་པ་བདེ་མོར་ཟིན་རྒྱུ་ཡང༌། ཧོར་སྤྱོད་དང་ཟས་གྲིབ་ཀྱིས་འགྲིབས་ནས། ཚ་རྗེས་ཀྱང་འཛིན་རྒྱུ་ཅུང་ཟད་ལུས། དེ་ནས་ཞག་ཤས་སོང་ནས༑ ཕར་ཕྱིན་གྱི་གཞུང་བཟུང། སྔར་ཉིན་ཧོར་སྤར་གྱི་ཤོག་བུ་བདུན་ཟིན་ནའང༌། མང་པས་བྱང་པོ་མི་ཡོང་གསུངས་ནས། ཤོག་བུ་བཞི་བཞི་འཆགས་མེད་དུ་རྒྱུགས་སྤྲད། དཔྱིད་ཀ་རྒྱ་ཚར་ཤིན་ཏུ་བྱང་བ་གཅིག་བྱས་ནས་བུ་ཊཱིཀ་བཟུང༌། དབྱར་སྟོན་བྲེལ་ནས། ཧོར་ཟླ་བཅུ་པའི་ཉེར་གཅིག་གི་སྔ་དྲོ། ཆོས་རྗེ་ལོ་ཆེན་གྱི་དུས་ཆེན་ལ་གཞུང་བླངས། སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པ་དང་རྣམ་པའི་མདོར་བསྟན་དང༌། ཟིལ་གནོན་གྱི་གཞུང་གསུམ་ལ། བུ་ཊཱིཀ་ལེགས་པར་བཤད་པས༑ གཟུར་གནས་བློ་ལྡན་རྣམས་ངོ་མཚར་སྐྱེས་སོ། །དེ་རྗེས་ཞོགས་པ་འདུལ་བའི་གཞུང་ཅུང་ཟད་འཛིན་པ་མ་གཏོགས། དགུན་དཔྱིད། སོས་ཀ་ཐམས་ཅད། ཕ་མའི་ཆེད་དུ་ཡི་གེ་བྲིས། དབྱར་སྟོན་ལེགས་པར་འབད་པས། མདོ་རྩའི་མཛུབ་ཁྲིད་ཚར་གཅིག་སོང༌། སྤྱི་དོན་དགོས་པ་རང་རེས་ལྟ་རྟོག་དང༌། མང་པོ་བཏུས་པའི་ཟིན་བྲིས་བྱས་པ་བྱང་བར་བཟུང་སྟེ། སྟོན་ཁ་དུས་ཆེན་སྟེང་དུ། མདོ་རྩའི་གྲྭ་སྐོར་བྱས་ཏེ། སློབ་དཔོན་རིན་པོ་ཆེ་གྲགས་བཟང་ཐུགས་ཤིན་ཏུ་དགྱེས་པར་བྱས་སོ༑ ༑དེ་དག་ལ། མཁན་པོ་རིན་པོ་ཆེ་ཡང་ལེགས་པར་དགྱེས་ཏེ། ན་བཟའ་རེ་རེ་གནང༌། ཁྱེད་ཀྱི་གྲྭ་སྐོར་སྤོ་ཏི་རེ་རེ་ལ། ངེད་ཀྱིས་གོས་སྣ་རེ་རེ་སྟེར་གསུང་བའི་དགྱེས་ཚོར་མཛད་དོ། །དེ་ནས་ཆོས་རྗེ་བྱང་སེམས་ཆེན་པོས། ཐུགས་བརྩེ་བས་བཟུང་སྟེ། སྐུ་མཚམས་ཀྱི་ཁོག་ཏུ་བཅུགདགུན་མངོན་པ་ཀུན་བཏུས་ཀྱི་