R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 22
[A:22]གཞུང་བཟུང༌། དེ་རྗེས་མཛོད། བྱམས་ཆོས་ཀྱི་བག་ཆགས་ཤིན་ཏུ་གསལ་བར་གྲགས་སོ། །སློབ་གཉེར་དེ་དག་གི་རིང་ལ། རྒྱ་སྟོན་རིན་པོ་ཆེའི་དྲུང་དུ། འཇིགས་བྱེད། དགྲ་ནག་གདོང་དྲུག བཅོམ་ལྡན་ཆེན་པོའི་དྲུང་དུ། ཀྱཻ་རྡོར། གཤེད་དམར། འཁོར་ཆེན་རྣམས་ཀྱི་དབང་བསྐུར་ཞུས། བསྙེན་རྫོགས་ཚར་མ་ཐག་པའི་སྤྲེའུ་ལོའི་དཔྱིད། སློབ་དཔོན་རིན་པོ་ཆེའི་དྲུང་དུ། གསང་འདུས་འཕགས་ལུགས་ཀྱི་བསྐྱེད་རྫོགས་ཞུས། མྱོང་བ་ཅུང་ཟད་སྐྱེས། གྲངས་བསྙེན་རྫོགས་པར་བསྐྱལ། ངོ་སྤྲོད་དུ། མདོར་བྱས། མདོ་བསྲེ། རྣམ་གཞག་རིམ་ལྔ། སྤྱོད་བསྡུས་སྔགས་རིམ། རིམ་ལྔ་གསལ་སྒྲོན་སོགས། དགེ་ལྡན་པའི་གསང་འདུས་ཀྱི་ཡིག་ཆ་མཐའ་དག་གི་བཤད་པ་ཐོབ། ཟིན་བྲིས་ཚིག་བཅད་དུ་བསྡུས་པའང་བྱས་ཏེ་འཕྲལ་དུ་གཟིགས་འཕུལ་བས་སྐྱེ་བ་ཕྱིས་གདའ་ཆོས་རྗེ་རྣམ་གསུམ་གྱི་དུས་དེར་སྐྱེས་ན། འཚེངས་འདུག་སྟེ་ཞེས་གསུངས། དེ་བཞིན་དུ་འཕྲལ་གྱི་ལག་ལེན། གར་དང་ཐིག་ལ་སོགས་པ་ལེགས་པར་བཅད་ཐིག་གི་རྣམ་གཞག ཞ་ལུ་བ་དང༌། དགེ་ལྡན་པ་གཉིས་ཀ་ལ་དགག་བསྒྲུབ་ལེགས་པར་ཕེར་བ་ཤེས་སོ། །ལོ་དེའི་དབྱར་གནས་ལ། ཆོས་རྗེ་མཁྱེན་རབ་དབང་ཕྱུག་གྲགས་པ་བཟང་པོ་དཔོན་སློབ་ཆོས་འཁོར་དུ་ཕེབས། མཇལ་མ་ཐག་པ་ནས། དཀའ་བཅུ་པར་གྲགས་ཡོད་པས། ཕྱག་ལེན་གནང༌། དེ་མ་ཐག་ནས་ཐུགས་བརྩེ་བས་བཟུང༌༑ ཆོས་གང་གསུང་གི་སྐྱོར་འགོ་བྱས། ཕར་ཚད་འདུལ་བ། མངོན་པ་གོང་འོག རྩ་འཇུག་བཞི་གསུམ། བྱམས་ཆོས་ཕྱི་མ་བཞི་རྣམས་ཀྱི་འགྲེལ་པ་དང་བཅས་པའི་བཤད་པ་ཐོབ། ཚད་མ་མདོའི་ཊཱི་ཀ་ཆེ་ཆུང་དང༌། ཚད་མའི་སྤྱི་དོན་ཆེན་མོའི་ཡི་གེ་པ་བྱས། ལོ་ངོ་གསུམ་ཙམ་གྱི་བར་དུ་ཕྱག་ཕྱིར་འབྲང། བློ་བསྐྱེད་