R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 23
[A:23]ཤིན་ཏུ་ཆེ་ཞིང༌། ཐུགས་ཀྱི་དཀྱིལ་དུ་ཚུད། དད་པ་དང་ངེས་འབྱུང༌། ཤེས་རབ་དང་བརྩོན་འགྲུས་མཐའ་དག་ལ་ཐུགས་མཐོང་ཤིན་ཏུ་ཆེ་བར་གནང་ཞིང༌། འཕྲལ་ཆས་དང་ན་བཟའ་སོགས་ཀྱང་གནང་ངོ༌། །རྗེ་འདི་བྱམས་ཆེན་དུ་ཕེབས་དུས༑ སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་པའི་དྲུང་དུ། ཕར་ཕྱིན་གྱི་སྟོད། དོན་ཞགས་སྙུང་གནས་ཀྱི་ཆོ་ག་ཚང་མའི་ཕྱག་འཁྲིད། དབང་བསྐུར། རྒྱུད་རྒྱ་གཞུང་གི་ལུང་ལ་སོགས་པ་གནང་སྟེ། ཤིན་ཏུ་དགྱེས་པས་ལེགས་པར་བསྐྱངས་སོ༑ ཁྱི་ལོའི་དབྱར་ཆོས་འཁོར་དུ། སེམས་དཔའ་ཆེན་པོའི་དྲུང་དུ། ཕྲེང་བ་སྐོར་གསུམ་གྱི་དབང་བཤད། སྒྲུབ་མཆོད་དང་བཅས་པ་ནན་གྱིས་ཞུས་པས་གནང་ ངོ༌༑ ༑དེ་ནས་ཕག་ལོའི་སྟོན་ཞུགས། མཁན་པོ་རིན་པོ་ཆེ་སྙུང་པའི་ཚུལ་བསྟན། ཆོས་རྗེ་མཁྱེན་རབ་དབང་ཕྱུག་པ་ཉུག་ནས། སྲེག་ཤིང་ལ་ཐོག་ཁར། ཆོས་རྗེ་བྱང་སེམས་ཆེན་པོས། གདན་སའི་འཁུར་བསྐུར་བར་བཞེད་ནས་ཆོས་འཁོར་དུ་བྱོན་གསུང་བའི་གསུང་ཤོག་མཛད། ཆོས་རྗེ་རིན་པོ་ཆེ་ལའང་འདི་མཐུན་གྱི་བཀའ་ཤོག་གཅིག་ཞུས་ཤོག་གསུང་ནས་ཞུར་ཕྱིན་པས། ཤིན་ཏུ་ནན་ཆེ་བ་གཅིག་མཛད༑ ཡིག་རྒྱའི་རིང་ལ། འོ་ནན་ཆེ་ཆུང་ཁྱེད་ལ་རྒྱུས་ཡོད་པ་བཞིན་ཞུས་ཅིགཁོང་ཐུགས་ཐག་རིང་ཙམ་ཡོད་པས། མི་ཕེབས་ཐག་ཆོད། དེར་མ་ཟད། བླ་མ་གདན་ས་པ་ལ་སོགས་པ་རྣམས་རེ་ཆེ་གཅིག་མཛད་ཀྱིན་འདུག་སྟེ། ཁོང་པ་བསྟན་པ་སྤྱི་ལ། ཤིན་ཏུ་ཕན་པ་བྱུང་ཞིང༌། འབྱུང་བར་ཡང་སྣང་མོད། དགོས་ཀྱི་ཐུགས་ཁུར་མི་བསྣམས་པར་ངེས་པས། ཁྱེད་ཀྱིས་ཁུར་བསྐྱེད་ལ་ད་དུང་སློབ་གཉེར་ལ་འབུངས། ན་ཉིང་དབུས་ལ་འགྲོ་འདོད་འདུག་པ་ངེད་ཀྱིས་བཀག་པས་ལན༑ ད་ལོ་ཅིས་ཀྱང་རྒྱུག་གསུང༌། ད་ལོ་སྐུ་ཁམས་བསྙེལ་བ་འདིས་མི་ནུས་