R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 24
[A:24]ལགས་ཞུས་པས་ཀྱང༌། མ་གནང་བར་ནན་གྱིས་བརྫང༌། ཧོར་ཟླ་བཅུ་གཅིག་པའི་ཚེས་གསུམ་ལ། ཆོས་འཁོར་ནས་བཏེགས་ནས། འབྲས་སྤུངས་སུ་སླེབས་ཏེ། ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ལ་ཞི་བར་གཤེགས་བྱུང་བའི་བར་ལ། ནུབ་རེ་བཞིན་རྨི་ལམ་དུ་ཕལ་ཆེར་བཀའ་སྐྱོནབཀྱོན་འབྱོན་པ་དང༌། རེས་འགའ་གདམས་ངག་གསུང་པ་དང༌། རེས་འགའ་ཞལ་གདམས་གནང་བ་སོགས་ཀྱིས་དུས་འདས་སོ། ། དབུས་སུ་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་པའི་དྲུང་དུ་ནི། རྣམ་འགྲེལ་གྱི་མཇུག སྡེ་བདུན་གཞན་ཐམས་ཅད་ཚང་བ། རྩ་འཇུག་གི་ཊཱིཀ་ཆེན་དྲང་ངེས་རྣམ་འབྱེད། མངོན་པ་ཀུན་བཏུས་ལྷོ་པ་ཀུན་མཁྱེན་གྱི་ཊཱིཀ་ཆེན་དང་བཅས་པ༑ ཐེག་བསྡུས། འདུལ་བ་འོད་ལྡན། སོ་ཐར། ལྔ་བཅུ་པ་སོགས། འདུལ་བ་ཕྲན་མང་པོ་རྣམས། དགྱེས་བཞིན་དུ་གནང་བྱི་བ་ལོའི་དཔྱིད་སོས། གསང་ཕུར༑ དཀའ་ཆེན་བཞི། མངོན་པ་མཛོད། ཚད་མ་མདོ། རིགས་གཏེར། བྱམས་ཆོས་བཞི༑ དབུ་མ་རྩ་འཇུགརིགས་ཚོགས་ལྷག་མ། རིན་ཆེན་ཕྲེང་བ། སྤྱོད་འཇུག་འདུལ་བ་མེ་ཏོག་ཕྲེང་རྒྱུད། སུམ་བརྒྱ་པ། ལྔ་བཅུ་པ་རྣམས་ཀྱི་གྲྭ་སྐོར་བྱས༑ ཀུན་གྱི་ངོ་མཚར་དུ་བཟུང་སྟེ། གྲྭ་སྐོར་གྱི་རིང་ལའང་འཇམ་དབྱངས་ཀྱི་རྗེས་གནང་དང༌། མཚན་བརྗོད་ཀྱི་ལུང་ཞུ་བ་མང་པོ་བྱུང༌། དབྱར་སྟོན་ཆོས་རྗེ་ཡོན་རྒྱམ་པ་ལ། ཕར་ཚད། རྩ་འཇུགརྣམ་ངེས། རིགས་ཐིགས། མངོན་པ་མཛོད་རྣམས་ལེགས་པར་ཐོབ། རྣམ་འགྲེལ་ཊཱིཀའི་ལེའུ་ཐ་མ་གཉིས་ཀྱི་རྩོམ་ཡིག་པ་བྱས། ནོར་བཟང་ཊྭཱི་ཀ་བློ་ལ་བྱང་བར་ཡོད་པས། གཞུང་ཅུང་ཟད་འཁྲུགས་པ་རྣམས་སུ་ཤིན་ཏུ་ཕན་པར་བྱུང༌། ཤིན་ཏུ་དགྱེས་པར་གྱུར། གཙང་ལ་