R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 27
[A:27]གཏོགས༑ ཚེ་འདིར་དེ་གོང་དུ་རྟོགས་པ་ཡོ་མ་བཅུག་པ་ལྟ་བུར་སོང༌། ཡིག་ཆ་ཡང་ཆོས་རྗེ་བསོད་ནམས་འཕེལ་བས། གནངབའི་ཀ་ལཱ་པའི་རྒྱ་དཔེ་གཅིག་ལས་མེད༑ དེ་གོང་རྣམ་རྒྱལ་འཇོམས་སོགས་དང༌། དུས་འཁོར་གྱི་སྔགས་ཐམས་ཅད་ཀྱི་སྔགས་དོན་གྱི་སྐད་དོད་ཕལ་ཆེར་སྦྱོར་ཤེས་ཤིང༌། རྒྱ་ཀློག་དང་རྒྱ་ཡིག་རྣམས་རགས་པ་ཤེས་མོད། གར་ཡང་མ་ཕྱིན་པ་ལྟ་བུར་སོང༌། ཡིག་ཆ་ཐམས་ཅད་ཐུན་བར་ལ་བྲིས། ཤོག་ལས་ཐམས་ཅད་མཚན་མོ་བྱས། ཚ་དྲོའི་བར་ལ་གཞུང་བཟུང༌༑ སྲོད་དང་ཐོ་རངས་སྐྱངས་རན་བྱས་པས། ཤིན་ཏུ་ངལ་བར་བྱུང་ཤིང༌། བུ་སྟོན་རིན་པོ་ཆེ་ལའང་སྒྲའི་གསན་སྦྱོངས་ལ་མུ་གེ་བྱུང་བར་གྲགས་པ་ལྟར། དེ་ལོ་མུག་གེ་ཤིན་ཏུ་ཆེ་བས། གྲྭ་པ་གཞན་རྣམས་ཀྱི་ཆས་སྐ་མ་འགྲུབ་པར་ཆོས་འཁོར་ལ་སློག རིན་གྲུབ་བསྒོར། ངེད་རང་གཉིས་ལ་བླ་མས་ཀྱང་གནང་བས་མ་ཆད་པ་བྱུང་ནའང༌། ཅུང་ཟད་བཀྲེན་པར་བྱུང༌། དེ་དུས་ཞ་ལུ་རབ་འབྱམས་པ་དཔོན་སློབ་ཀྱང་བྱོན། ཁོང་པ་ཙནྟྲ་པ་རྐྱང་པ་གསན། སློབ་གཉེར་ཀྱང་ཞར་ཞོར་མཛད༑ ཡིག་ཆ་ཡང་སྔ་ནས་བཤམ་གནང་ཞིང༌། འབྱོར་ལྡན་དུ་འདུག་པ་སོགས་ཀྱིས༑ འཕྲལ་སྐྱིད་སྡུག་གི་ཁྱད་པར་དུ་སྣང་བ་བྱུང་བས། ཕྱིས་ཆོས་རྗེ་ལོ་ཙྭ་བ་ཆོས་འཁོར་དུ་གདན་འདྲེན་བཏང་བས། གཞི་བཙུན་རྣམས་ན་རེ། ན་ནིང་དཀའ་བཅུ་པ་སྐྱིད་སྡུག་གཉིས་ཡོད་པ་དེ། སུས་གདན་འདྲེན་པ་ཡིན་ཞེས་འདྲི་བ་བྱུང༌། ཟླ་བ་དྲུག་ལྷག་གི་བར་ལ་ཤིན་ཏུ་འཕེལ་བར་བྱུང་ཀྱང་མདོ་གཉིས་ཀྱི་ཕྱེད་ལྷག་རེ་ལས་མ་སོང་བའི་མཚམས་སུ། ཆོས་འཁོར་ནས་ཆོས་རྗེ་དཔོན་སློབ་པའི་བཀའ་ཤོག རྩེ་དོང་ནས་བདག་པོ་ནམ་མཁའ་ལེགས་པའི་སྦེལ་བཀའ་དང་བཅས་པ་ཕེབས་ནས། དགུན་ཆོས་འཁོར་དུ་སླེབས། ཕྱིས་ལོ་གཅིག་ཙམ་སོང་