R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 29
[A:29]ནས་ཐུགས་ལས་གསུངས། ཕྱི་དྲོ་གཙུག་ལག་ཁང་དུ་དབང་བསྐུར་གནང་བ་ལ། དམ་ཚིག་གསུམ་ལ་སོགས་པ་བྱ་རྒྱུད་སུམ་ཅུ། རྣམ་སྣང་མངོན་བྱང་ལ་སོགས་པ་སྤྱོད་རྒྱུད་བཅུ། རྡཽར་དབྱིངས་ལ་སོགས་པ་རྣལ་འབྱོར་རྒྱུད་ཆེ་བ་བཅུ་དང༌། སྦྱོང་རྒྱུད་བཅུ་གཉིས། གསང་འདུས་གསུམ་ལ་སོགས་པ་ནས། ཀྱཻ་རྡཽར་དང་དུས་འཁོར་གྱི་བར། བླ་མེད་སུམ་ཅུ་སྟེ། དཀྱིལ་འཁོར་དགུ་བཅུ་ལྷག་པའི་དབང་བསྐུར་རྣམས། རྒྱུད་སྡེ་རེ་རེ་ལ་སྟ་གོན་རེ་མཛད་ནས། དངོས་གཞི་འཇུག་ཅིང༌། དབང་བསྐུར་བའི་ཆོ་ག་རྣམས། རྒྱུད་རང་རང་གི་ཐོབ་ཐང་གང་ཡིན་ཆད་ལྷག་ནོར་གསུམ་དང་བྲལ་བར་ལེགས་པར་ཐོབ་བོ། །དེ་ཡང་གཟུར་གནས་བློ་ལྡན་དོན་གཉེར་གསུམ་ཚང་བས། གསུང་གསལ་པོ་ཐོས་སར་བཅར་ནས་ཞུས་པ་རྣམས་ཀྱིས་ནི། དབང་རྫོགས་པར་ཐོབ་ངེས་སུ་སྣང་ཡང༌། དབང་ཞུ་མང་བས་མཐའ་མར་ལུས་པ་དང༌། ཅུང་ཟད་ཉེ་ཡང༌། འདི་རྗེས་ལ་འདི་ཡོང་སོགས་ཀྱི་ཉམས་དང༌། དོན་གཉེར་མེད་པར། ཆོས་རྗེ་བཞེངས་ནས་རྡོ་རྗེ་དང་བུམ་པ་མགོ་ཐོག་དུ་འཇོག་པ་སོགས་ལ། ཉིས་མགོ་གསུམ་མགོ་སོགས་འབའ་ཞིག་དོན་གཉེར་བྱེད་པ་དག་གིས་ནི། དེ་དག་ཕན་ཚུན་གླེང་པའི་ཀློག་ཆོར་གྱི་དུས་འདའ་ཞིང༌༑ དོན་གཉེར་བ་གཞན་ལའང་གནོད་པར་སྣང་མོད། དབང་མ་ཐོབ་ཀྱང་བྱིན་བརླབས་ཁྱད་པར་ཅན་འབྱུང་བར་ནི། གདོན་མི་ཟའོ། །དེ་དུས་སྤྱོད་འཇུག་གི་སྤྱི་དོན་ལམ་རིམ་གཅིག་གནང་གིན་འདུག་པའི། རྩོམ་ཡིག་པའང་བྱས༑ ཕྱག་ཕྱི་རྒྱུན་པ་དང༌། ཁྱད་པར་སྲོད་ལ་ཚོགས་འཁོར་མཛད་པའི་ཕྱག་ཕྱི་རྟག་པར་བྱས་ཀྱང༌། ཁོང་པ་རང་གི་ཚོགས་འཁོར་དྲངས་གསུང་ནས། བུ་རམ་སྡེར་མ་རེ་གནང་ནས་ཤ་ཆང་རྟེན་འབྲེལ་ཙམ་ལས་མ་གནང་བ་ནི། གྲྭ་པའི་རིགས་ཀྱིས་