R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 35
[A:35]མཁའ་བཀྲ་ཤིས་པས་ཐུགས་དད་ཅིང་སྐུ་དང་གསུང་གི་ཤིན་ཏུ་གུས་པས་བསྟེན་ཅིང༌༑ དཔལ་དུས་ཀྱི་འཁོར་ལོས་ཐོགས་དྲངས་པའི་རྒྱུད་སྡེ་བཞིའི་དབང་བཤད་ལ་སོགས་མང་དུ་གསན་ཞིང༌། དེའི་བློན་ཆེན། སྟག་གླིང་སྐྱོར་གསུམ། ཉེ་གནས་ཆེན་པོའི་གདུང་བརྒྱུད་འབྲོག་རྒྱ་ཚོ་བ། དཔོན་ཆེན་གྱི་རྒྱུད་པ། ཤངས་པའི་བདག་པོ་སྐུ་མཆེད། རྟ་ནག་དགེ་སྦྱོང་དཀར་པོས་ཐོགས་དྲངས། ཕུ་མདའི་ཆེ་བཙུན་བྱང་འབྲོག་ཤིན་ཏུ་སྟོབས་ཆེ་བ། གཞན་ཡང་རིན་སྤུངས་པའི་དཔོན་སྐྱ་མཐའ་དག ཕྱིས་བོད་ཆོས་རྒྱལ་གྱི་གདུང་བརྒྱུད་ལྷ་གླིང་དཀར་བ། བྱང་ཁྲི་སྐོར་ལྕམ་བདག་མོ་ཚེ་རིང་མ་རྨོ་མཚན་ཡུམ་སྲས། གནམ་ས། ཡར་འབྲོག་པ། ཡར་རྒྱབ་དཔོན་ཆེན་ལས་རབ་ཏུ་བྱུང་བ། གོང་དཀར་གྱི་མཁས་གྲུབ་ཀུན་དགའི་མཚན་ཅན། བསྟན་འཛིན་ཆེན་པོ་ཤངས་སྟོན་བློ་གྲོས་རིན་ཆེན་པ། མི་ཉག་རབ་འབྱམས་པ་གྲགས་པ་རྡོ་རྗེ། ཆོས་སྡེའི་ཆོས་དཔོན། གངས་ཆེན་ཆོས་འཕེལ་གྱི་མཁན་པོ། མཁས་མཆོག་སྟོབས་ལྡན་འོད་ཟེར་བ། རྟ་ནག་རི་ཁུད་ཀྱི་མཁན་ཆེན་བློ་བཟང་གྲགས་པ། ཤངས་དགེ་འཕེལ་གྱི་མཁས་པ་ཆེན་པོ་རིན་ཆེན་བཤེས་གཉེན་པ་དཔོན་སློབ། དེ་བཞིན་དུ་ཤངས་དགུར་ཕྱོགས་ཀྱི་ཟུར་ཁང་པ། ཆུ་བ་ཆོས་རྫོང་པ། སྟག་ལུང་སྣ་དཀར་བ། ལྷན་བྱེ་གླིང་པ། འུ་ཡུག་གི་ཟམ་འཚེར། ཆུ་སེར་བ། ལང་འགྲོ་འུག་ཚང༌། བདེ་ཆེན་པ། གྱེར་རེ་རྫོང་རི་བ། རྩེ་གདོང་རྣམ་རྒྱལ་རྩེ་བ་སོགས་དད་པ་ཐོབ་ནས་མདོ་སྔགས་སྤྱི་དགོས་ཀྱི་དབང་བཤད། མན་ངག་བསྟན་པ་མང་ངོ༌། །བསྟན་པའི་རྒྱལ་མཚན་མཚན་དཔེའི་དཔལ་འབར་བ།། བློ་བཟང་བཟང་པོའི་ཞབས་ལ་ཞེས་པ་ནི། བསྟན་པ་ལ་བྱ་བ་ཅུང་ཟད་བྱས་པ་དང༌༑ ལུས་ཀྱི་ཡན་ལག་དང་ཉེན་(ཉིང་)ལག་ལ་སྐྱོན་མེད་པ་དང༌། བློ་གྲོས་