R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 34
[A:34]ཁྱད་པར་ཅན་མེད་ལ། དེང་སང༌། ཡོངས་སུ་གྲགས་པ་དང་ཆེས་མི་མཐུན་པས། དབུ་ཚད་ལ་མཁས་གྲགས་མ་ཐོབ་བོ། ། ལྔ་པ་ལ་བཤད་པས་བུ་སློབ་བསྐྱངས་ཚུལ། རྩོམ་པས་ལེགས་བཤད་སྤེལ་ཚུལ། གཞན་ཕན་གྱི་སྨིན་གྲོལ་བྱས་ཚུལ་ལོ། ། དང་པོ་ནི། ཆེན་པོའི་གཙུག་ན་མཛེས་ཅེས་སོགས་ཏེ་ཡོན་ཏན་གྱི་ཆེ་བ་ནི། གཙོ་བོ་རང་གི་ཡོངས་འཛིན་འུག་ཚང་རིན་པོ་ཆེ་པ་དང༌། སློབ་དཔོན་འདུལ་མངོན་པས་དབང་དང་བཤད་པ་མང་དུ་གསན། ཆོས་འཁོར་རང་གི་གྲྭ་པ་ལ། རྟ་ནག་རབ་འབྱམས་པ། ཤེས་རབ་ཆོས་ཀྱི་དཔལ་འབྱོར། སློབ་དཔོན་དཀའ་བཅུ་པ་སྐྱེས་མཆོག་པ། མགོན་བཟང་པ། རིན་ཆེན་རྒྱལ་མཚན་པ་དང༌། རྒྱལ་མཚན་བཟང་པོ། ཀུན་དགའ་རྒྱལ་མཚན་པ་དང༌། བསམ་གྲུབ་འོད་ཟེར་བ་སྐུ་མཆེད། མགོན་པོ་རྒྱལ་མཚན། ནམ་མཁའ་རྒྱལ་མཚན་པ། རིན་ཆེན་དཔལ་སོགས་དང་གྲྭ་པར་གཏོགས་པའི་དཀའ་བཅུ་འཛིན་ངེས་པ་བཞི་བཅུ་ཙམ་དང༌། དཀའ་བཞི་པ་ཕར་ཚད་ལེགས་པར་ཤེས་པའི་སྟེང་དུ། སྔགས་ཕལ་ཆེར་དང་ལེགས་སྦྱར་ལ་སྦྱངས་པ་མང་ཞིང༌། ཕྱོགས་ཀྱི་དཀའ་བཅུ་པ། རྟ་ནག་པ་ནོར་བཟང་རྒྱ་མཚོ། བྱམས་ཆེན་པ་སངས་རྒྱས་འཕེལ། སེ་ར་བ་བློ་གྲོས་སེང་གེ་དང༌། ཞ་ལུ་བ་བློ་གྲོས་སེང་གེ བདག་པོ་བློ་གྲོས་མཐའ་ཡས་ལ་སོགས་བཅུ་ཕྲག་ལྷག་པས་ཀྱང༌། མདོ་སྔགས་དང༌། སྒྲ་རིག་ཀྱི་ཕྱོགས་མང་དུ་བསླབས་སོ། ཁྱད་པར་ཆོས་དང་འཇིག་རྟེན་གཉིས་ཀས་ཆེ་བ་ནི་དཔལ་ལྡན་ས་སྐྱ་པ་ཡིན་ལ། དེའི་གདུང་བརྒྱུད་གོང་མ་མིའི་དབང་པོ་ཝང་ཆེན་པོ་ནམ་མཁའ་རྒྱལ་མཚན་པ་དང༌། དེའི་སྲས་ཕུལ་དུ་བྱུང་བའི་ཡོན་ཏན་དང་ལྡན་པ་ལྷ་སྲས་ནམ་མཁའ་རིན་ཆེན་པ་དང༌། ནམ་