R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 37
[A:37]སོགས་སུ་དལ་མེད་བྱས་པ་སྔར་གྲུབ་པའི་དཀར་ཆག་ནི། དང་པོར་དགེ་ལེགས་ཐམས་ཅད་ཀྱི་རྩ་བ། བླ་མའི་གསོལ་འདེབས་ལ། ཆོས་འཁོར་བ་རྗེ་ཡབ་སྲས་གསུམ་གྱི་གསོལ་འདེབས་རྣམ་ཐར་མ་རེ་ལ་འགྲེལ་པ་དང་བཅས་པ། གཞན་ཡང་རྩ་བའི་བླ་མའི་གསོལ་འདེབས་ལ། རྒྱ་སྟོན་རིན་པོ་ཆེ། བཅོམ་ལྡན་ཆེན་པོ། ཕྱོགས་ལས་རྣམ་རྒྱལ། མཁྱེན་རབ་དབང་ཕྱུག འཇམ་དབྱངས་ཆོས་རྗེ། ཡོན་ཏན་རྒྱ་མཚོ། རིན་ཆེན་མཆོག་གྲུབ། རིན་ཆེན་བསོད་ནམས་འཕེལ། འུག་ཚང་རིན་པོ་ཆེ་རྣམས་ལ་གསོལ་འདེབས། ཆོས་རྗེ་ས་སྐྱ་པནྚི་ཏ། ཆོས་རྗེ་བླ་མ་དམ་པ་ལ་བསྟོད་པ་དང༌། འཁོན་ས་སྐྱ་པའི་གདུང་རབ་རྒྱས་པ། བུ་སྟོན་རིན་པོ་ཆེ། རེད་མདའ་བ། ཙོང་ཁ་པ་རྣམས་ཀྱི་བསྟོད་པ། གཞན་ཡང༌། དབུས་གཙང་གི་བླ་མ་ཆེ་ཆུང་མང་པོའི་བསྟོད་པ། ཡིད་དམ་གྱི་ཚོགས་ལ། སྟོན་པ་སངས་རྒྱས་ཐུབ་པའི་དབང་པོ་ལ། གསང་བ་བསམ་གྱིས་མི་ཁྱབ་པ། ཆོ་འཕྲུལ་བསྟན་ཚུལ། མཐའ་གཉིས་མུན་སེལ་སོགས། འཇམ་དབྱངས་ལ་ཞིང་བཀོད་རྟོགས་བརྗོད། སྡེབ་སྦྱོར་པད་དཀར་སོགས། བརྒྱ་རྩ་ཙམ་ཡོད་རྒྱུ་ཡིན་ནའང་བསྡུས་པ་ཉི་ཤུ་སྐོར། གཞན་ཡང་རྒྱལ་བ་ཚེ་དཔག་མེད། བྱམས་པ། སྤྱན་རས་གཟིགས། སྒྲོལ་མ། འོད་ཟེར་ཅན་སོགས་ལ་མང་པོ་ཡོད་པ་ཐོར་བུར་བསྡུས་པ། སྤཽ་ཏི་ཆེན་པོར་ལོངས་པ་ན་གསལ། དེ་རྗེས་བསྟན་པའི་རྩ་བ། ལེགས་གསུང་འདུལ་བའི་སྐོར་ལ༑ མདོ་རྩའི་ཊཱིཀ་ཆེན། སུམ་བརྒྱ་པ་དང་ལྔ་བཅུ་པའི་ཊཱིཀ ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་ཡན་ལག རྩིས་ཚིགས་བཅད་མ༌། བསྟན་པའི་གཞུང་བཞིན་སྒྲ་དང་ཚད་མ་ལ། ཀ་ལཱ་པའི་ཊཱིཀ་ཆེན། ཙནྟྲ་པའི་ཊཱིཀ་ཆུང༌། བྱིངས་གྲུབ་ཉེར་མཁོ། རྣམ་འགྲེལ་ཊཱིཀ་ཆེན་དང༌། རིག ས་གཏེར་ཊཱིཀ བསྟན་པའི་སྙིང་པོ་མདོ་སྡེ་དང་