R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 38
[A:38]མངོན་པ་ལས། མདོ་སྡེ་ལ་ཕར་ཕྱིན་ཊཱིཀ རིན་ཆེན་ཕྲེང་བ་དང༌། བཤེས་སྤྲིངསྤྲིངས་གི་ཊཱིཀ ཤེར་སྙིང་ས་བཅད། མངོན་པའི་ཐ་སྙད། མངོན་པ་ལ། མཛོད་ཀྱི་ཊཱིཀ་ཆེན། ཀུན་བཏུས་ཊཱིཀ མདོ་སྡེའི་རྒྱན། འབྱེད་རྣམ་གཉིས་རྒྱུད་བླ་མ་རྣམས་ཀྱི་ཊཱིཀ དོན་དམ་པའི་མངོན་པ་ལ། སྤྱོད་འཇུག རིགརིགས་པའི་ཚོགས་ལྔ། བཞི་འཇུག་རྣམས་ཀྱི་ཊཱིཀ མདོ་སྔགས་སྤྱིའི་ཉམས་ལེན། སྡོམ་པ་གསུམ་པོའི་རྣམ་གཞག་ལག་ལེན་དང་བཅས་པ་རེ་རེ། བསྟན་འགྱུར་གྱི་དཀར་ཆག་འདྲེས་འཁྲུག་རྣམ་འབྱེད། བསྟན་པའི་གཙོ་བོ་རྡོ་རྗེ་ཐིག་པ་ལ། བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི། གཟུངས་གྲྭ་ལྔ། འོད་ཟེར་ཅན། གདུགས་དཀར་རྣམ་རྒྱལ་གྱི་མངོན་དཀྱིལ། པདྨའི་རིགས་ལ། བཅུ་གཅིག་ཞལ་ལྷ་སོ་བདུན་མ་ཀླུ་སྒྲུབ་ལུགས་ཀྱི་མངོན་དཀྱིལ་སྔ་མོ་ནས་བྱས་པ་ཅིག་ཡོད། དེ་ཡོ་ག་སྒོ་བསྟུན་ཡིན༑ སྤྱོད་རྒྱུད་རྣམ་སྣང་མངོན་བྱང་གི་མངོན་དཀྱིལ། རྣལ་འབྱོར་རྒྱུད་ཀྱི་བརྒྱུད་པའི་གསོལ་འདེབས། འདུས་པའི་སྨོན་ལམ་དང་བཅས་པ། སྟོབས་པོ་ཆེ་དང་འགྲོ་བཟང་མ་རྣལ་འབྱོར་རྒྱུད་ཀྱི་ཉམས་ལེན་དང་སྦྱར་བ་བསྟན་པའི་ཡང་རྩེ༑ རྣལ་འབྱོར་བླ་མེད་ཕ་རྒྱུད་ལ། གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱི་འཇམ་རྡཽར་མངོན་དཀྱིལ་མཆོད་ཕྲེང༌། དེ་འཇིག་རྟེན་དབང་ཕྱུག མི་བསྐྱོད་པ་ལྷ་བཅུ་དགུ་མ། དམ་ཚིག་རྡོ་རྗེ། བགེགས་མཐར་བྱེད་རྣམས་ལ་འདོན་པ་སྤོ་ཚུལ། འཇམ་རྡོར་དང་སྦྱར་བའི་ཆོས་དབྱིངས་གསུང་དབང༌། རྣལ་འབྱོར་རྫོགས་འཕྲེང་གི་གཙོ་རྐྱང་གི་མངོན་རྟོགས་དང༌། སྙིང་པོ་ལྷ་གྲངས་དང་བཅས་པ། འཁོར་ཆེན་མངོན་རྟོགས། གཤིན་རྗེ་གཤེད་སྐོར་ལ། རྡོ་རྗེ་འཇིགས་བྱེད་ཀྱི་མངོན་དཀྱིལ། མཆོད་ཕྲེང༌། དགྲ་ནག གདོང་དྲུག གཤེད་དམར་ལྷ་ལྔ་དང་བཅུ་གསུམ་མའི་