R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 39
[A:39]མངོན་རྟོགས། དྲུག་ཅུ་པའི་གཏོར་ཆོག་རྒྱས་པ། མ་རྒྱུད་ལ་བདེ་མཆོག་ལོ་ཧི་པའི་མངོན་རྟོགས་རྒྱས་བསྡུས། དྲིལ་བུ་པའི་མངོན་དཀྱིལ། རིམ་ལྔའི་སྨོན་ལམ་དང་བཅས་པ། ནག་པོ་པའི་མངོན་དཀྱིལ་མཆོད་འཕྲེང༌། མཁའ་འགྲོ་རྒྱ་མཚོའི་མངོན་རྟོགས། སྒྱུ་ཐོད་གནས་གསུམ་གྱི་མངོན་རྟོགས། གྲུབ་རྒྱལ་མའི་ཚེ་ཁྲིད་མངོན་དཀྱིལ། གཉིས་མེད་ལ། ཀྱཻ་རྡོར་གྱི་མངོན་དཀྱིལ་མཆོད་འཕྲེང། གུར་རིགས་བསྡུས་ཀྱི་མངོན་དཀྱིལ། བསྟན་པའི་མཐར་ཐུག་དུས་ཀྱི་འཁོར་ལོ་ལག་ལེན་ལ། མངོན་དཀྱིལ། མཆོད་འཕྲེང། བསྟོད་ཆེན། སྡོམ་ཆེན་དང༌། དཔལ་ལྡན་རྒྱུད་ཀྱི་མངོན་རྟོགས། སེམས་འགྲེལ་ལུགས་ཀྱི་བདེ་སྐྱེས་ཀྱི་མངོན་དཀྱིལ། ཐིག་གི་བཤད་པ། ཕྱག་རྒྱའི་རིམ་པ། དེ་དག་གི་ཡན་ལག་དང༌། རྣམ་གཞག་རྒྱུད་སྡེ་སྤྱི་དང་བླ་མེད་རྒྱུད་སྡེ་ཀུན་ལ་སྦྱར་ཞིང༌། ལག་ལེན་དུས་འཁོར་ལ་གཙོ་བོར་བྱས་པའི་རྟེན་གསུམ་བཞེངས་ཚུལ་དཔལ་འབྱོར་རྒྱ་མཚོ། རབ་གནས་ཆོ་ག་དགེ་ལེགས་རྒྱ་མཚོ། སྦྱིན་བསྲེག་ཆོ་ག་དངོས་གྲུབ་རྒྱ་མཚོ། ཚོགས་འཁོར་ཆོ་ག་བདུད་རྩི་རྒྱ་མཚོ། ལྷོ་སྒོའི་ཆོ་ག་ངན་འགྲོ་ཀུན་འཛོམས། རྩིས་ཀྱི་ལག་ལེན། ལྔ་བསྡུས་གཟའ་ལྔ་ཆ་གཉིས། ཉི་ཟླ་གཟའ་འཛིན། དུས་སྦྱོར་གཡུལ་རྒྱལ་ལ་བརྟེན་པའི་ལག་ལེན་རྒྱས་པ་དང་འགྲེལ་ཆེན་ལ་བརྟེན་པའི་ཡུལ་དྲུག་གི་དུས་སྦྱོར། འཇམ་དཔལ་རྩ་རྒྱུད་ལ་བརྟེན་པའི་རྩིས་འབྲས། སྐྱོན་སྤོང་རྒྱལ་བ་དགྱེས་བྱེད། རྩོད་བཟློག རྩ་ཆད་འཆི་ལྟས་ཀྱི་བཤད་པ། མན་ངག་ལ། སྔོན་འགྲོ་དད་པའི་རོལ་མཚོ། གསོལ་འདེབས་བྱིན་བརླབ་ཀྱི་སོར་བསམ་དབུ་མའི། སྲོག་འཛིན་ཐིག་ལེའི། དྲན་ཏིང་བདེ་ཆེན་གྱི། ངོ་སྤྲོད་ཡིད་ཀྱི། གེགས་སེལ་རྣམ་གྲོལ་གྱི་རོལ་མཚོ་སྟེ། རོལ་མཚོ་བདུན། ཀུན་གྱི་ཤེས་བྱེད་ལ། འགྲེལ་ཆེན་གྱི་ས་བཅད།