R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 40
[A:40]སྔོན་འགྲོ་རྒྱུད་ལ་འཇུག་པའི་དགའ་སྟོན། སྤྱི་དོན་ཆེན་མོ་བསྟན་པའི་རྒྱ་མཚོ། བསྐྱེད་རིམ་གྱི་བཤད་པ་རྒྱས་པ་དང་བཅས་པ། བརྒྱུད་པའི་གསོལ་འདེབས་སྨོན་ལམ་དང་བཅས་པའོ། །དེ་བཞིན་དུ་གསང་འདུས་བདེ་མཆོག ཀྱཻ་རྡོར། གཤིན་རྗེ་གཤེད་སྐོར། རྡོར་ཕྲེང་བཀའ་གདམས་གླེགས་བམ་རྣམས་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས། རང་རང་གི་ཉམས་ལེན་སྨོན་ལམ་དུ་བསྡུས་པ་རྣམས་དང༌། གཞན་ཡང༌། རང་བསྐུལ་གཞན་བསྐུལ། དྲིས་ལན་སོགས་ཕྲན་ཚེགས་ཤིན་ཏུ་མང་ངོ༌། །ཆོས་སྐྱོང་གུར་ཞལ། ལེགས་ལྡན། ཚོགས་བདག་རྣམ་སྲས་ལས་གཤིན་རྣམས་ཀྱི་བསྟོད་པ་བསྐང་བཤགས་ཆེན་མོ་དང་བཅས་པ། སྨོན་ལམ་ལམ་རིམ་དུ་གྲིལ་བ། བཀྲ་ཤིས་ཐུང་མོང་བ་དང་བཅས་པ། མདོ་སྔགས་ཕྱི་ནང་ཀུན་གྱི་དོན་བསྡུས་པ། གྲུབ་མཐའ་ཀུན་ཤེས་རྩ་འགྲེལ་ནི་ལེགས་པར་གྲུབ་ལ། འདིའི་གྲོགས་སུ། རིགས་གནས་ཀུན་ཤེས། མདོ་སྡེ་ཀུན་ཤེས། རྒྱུད་སྡེ་ཀུན་ཤེས་རྣམས་ཀྱང་རྩ་འགྲེལ་དུ་སྦྱར་བ་རེ་དང༌། མངོན་པ་ཀུན་བཏུས་དང༌། ཕར་ཕྱིན་གྱི་སྤྱི་དོན་ཆེ་བ་རེ་མྱུར་དུ་བྱ་བར་འདོད་ཅིང༌། ཚེ་རིང་ན། རྒྱུད་སྡེའི་རྣམ་བཤད་འགའ་རེ་ཡང་བྱེད་འདོད་མོད་ཀྱི། སྤྱིར་ཕྲིན་ལས་ཀྱི་ལས་ཤུགས་ཆེར་མི་སྣང་ཞིང༌། ཁྱད་པར་ཚེ་སྟོད་ལ། བླ་མ་དམ་པ་འདྲ་ལ། དང་པོར་ཐུགས་རྩོམ་རེ་ཞུས། རྣོ་བ་བཞིན་མ་བྱུང་བའི་རྐྱེན་གྱིས་མཐར་བསྐྱལ་བ་གཉིས་ཙམ་བྱས་པའི་རྣམ་སྨིན་མངོན་འགྱུར་བ་ཡོད་པས། གཞན་དོན་དུ་འགྱུར་བ་ནི་དཀའ་ཡང༌། བསྟན་པའི་རྒྱུན་ལ་ཅུང་ཟད་ཕན་ཞིང༌། འགའ་ཞིག་ལ་དོན་གཉེར་ཆེན་པོའང་སྣང་བས་སྨོན་ལམ་བྱའོ། ། གསུམ་པ་ལ། འཁོར་ལོ་གསུམ་གྱིས་བསྟན་པ་སྤེལ། །འཕྲིན་ལས་བཞི་