R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 42
[A:42]ནས་གཟིམ་ཁང་ཤར་གནམ་སང་སུ་སོང་ཡོད་པའི་ཞིག་གསོས་ཚང་མ་དང༌། ནང་རྟེན་བྱམས་མགོན་གྱི་གསེར་སྐུ། ཇོ་བོའི་སྐུ་ཚད་མ། གླང་ལོ་ལ་ཁྲོ་མོ་ཆེ། ཡོས་ལོ་སྒོ་ཁང་དང་གནམ་གཡང། སྦྲུལ་ལོ་གཟིམ་ཁང་བདེ་བ་ཅན་གྱི་ཚང་མང་སྟེང་ཤོད། རྟ་ལོར་ཟངས་མ་ཆེའི་བཅོར་རྣམས། སྤྲེལ་ལོར། རྒྱུད་འབུམ། བྱི་བ་ལོ་ལ། དབུ་རྩེ་དང་ཁྱམས་ཀྱི་སྤེན་བད། སྟག་ཡོས་འབྲུག་གསུམ་ལ། དུས་འཁོར་བློས་ལོངསབསླངས་། སྟག་ལོ་ལ་གཙུག་ལག་ཁང་གི་ཀ་ཚར་གོང་མ་སྤེལ་བ་རྣམས༑ ལྷན་ཅིག་གནས་པ་བྱང་པ་རིན་ཆེན་གྲུབ་ཀྱིས་སྒྲུབ་གྲོགས་པ་བྱས་ནས་གྲུབ༑ སྤྲེའུ་ལོར། ཀ་ཚར་གཉིས་པ་དང༌། ཤར་གྱི་ཐོག་བཅོས་ཁྱད་པར་ཅན༑ ཁྱི་ལོར་ཤར་གྱི་ལོག་བྲིས། གནས་བརྟན་ཐང་སྐུ་ཉི་ཤུ་རྩ་གསུམ་སོགས། དབུ་རྩེ་ཆེན་མོའི་ཐོག་བཅོས་ཁྱད་པར་ཅན། ཕག་ལོའི་དགུན་སྟོད། བདེ་བ་ཅན་གྱི་ལྷ་ཁང་ནང་མའི་ཐོག་བཅོས། ཐིག་ཁང༌། སྟག་ལོར་འདུལ་བ་ལུང་རྫོགས་པར་གྲུབ་པ་རྣམས་ལྷན་ཅིག་གནས་པ་ལྷའི་དཔལ་བཟང་གིས་དོ་དམ་པ་བྱས་པས་གྲུབ་སྟེ། མདོར་ན་རྗེ་གོང་མ་རྣམས་ཀྱི་ཐུགས་སྟོབས་ཆེ་ཞིང༌། དག་མ་འཐོན་པར་མཛད་པའི་རྒྱ་བོ་ཆེ་ཡོད་པའི་སྟེང་དུ། ས་ཅུང་ཟད་ངན་ཙམ་གྱི་ཆོས་སྡེ་མཛད་པ་འདི་ཁོ་བོའི་སྒྲིབ་སྦྱོང་ལ་དགོངས་པ་ལྟ་བུའོ། ། གཉིས་པ་ནི། རང་གི་བྱས་ཚུལ་ནི་སྔར་བརྗོད་ཟིན། གཞན་ཡང༌། ཆོས་འཆད་རྣམས་ལ། སྔར་གྱི་རྒྱག་རྟེན་རྒྱུན་པ་གང་ཡོད། འཆགས་མེད་དང༌། རྙེད་བཀུར་སྤར་ཆ་གང་འགྲུབ་བྱས་པའི་འཆད་ཉན་གྱི་བདག་རྐྱེན། གྲྭ་པ་སྤྱི་དགོས་ལ༑ སློབ་གཉེར་གྱི་གྲོགས་ལྡན་སྒོ་དུ་མ་ནས་དང༌། རིགས་(རིག)ལུང་གི་རྩོལ་བ། དབྱར་དགུན་རིགས་ཇའི་སྒྲུབ་ཟླ། ཆོས་བར་གྱི་བདག་རྐྱེན་སོགས་རེས་