R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 48
[A:48]པའི་བསམ་སྦྱོར་གྱི་ལུགས་ཡིན་ནོ། ། གཉིས་པ་ནི་བཀའ་འགྱུར་རོ་ཅོག་ཚར་གཅིག་བཤད། བསྟན་བཅོས་ནི། རྣམ་བཤད་གང་བྱས་རྣམས་ལས། ཚར་རེ་མ་བཤད་པ་མེད་ཅིང༌། ཁྱད་པར་དཀའ་ཆེན་བཞི་དང༌། མཛོད་རྩ་འཇུག་བྱམས་ཆོས། སྤྱོད་འཇུག བཤེས་སྤྲིངསྤྲིངས་སོགས་ནི། ཚར་འགའ་རེ་བཤད། ཡང་དགོས་འདུལ་བ་དང༌། སྒྲ་དང༌༑ དུས་འཁོར་ནི་ཚར་ཤིན་ཏུ་མང་ངོ༌། །གཞན་ཡང་སོ་ཐར་གྱི་མདོ། འོད་ལྡན་རྩ་འགྲེལ། མེ་ཏོག་ཕྲེང་རྒྱུད། མངོན་པ་ཕྲན་མང་པོ། ཚད་མའི་སྡེ་བདུན་ཕྱི་མ་འདྲ་ཡང་བཤད་དོ། །གཞན་ཡང༌། ཇོ་བོ་ཆེན་པོའི་ཆོས་ཆུང་བརྒྱ་རྩ། ཁྱད་པར་བཀའ་གདམས་གླེགས་བམ་གྱི་ལུང་རྒྱས་པ་ཚར་ལྔ་ཙམ་དང༌། ཐིག་ལེ་བཅུ་དྲུག་གི་དབང་འཁྲིད་རྒྱས་བསྡུས་ཚར་དྲུག་ཙམ་དང༌། རྡོ་རྗེ་ཕྲེང་བའི་སྐོར་གསུམ་གྱི་བཤད་པ། ལག་འཁྲིད། དབང་བསྐུར་རྒྱས་པ། དཀྱིལ་འཁོར་ལྔ་བཅུ་ང་གཉིས་མའི་ལུགས། རྡུལ་ཚོན་གྱི་དཀྱིལ་འཁོར་ཤིན་ཏུ་ངོ་མཚར་བ་བཞེངས་ནས་ཚར་བཞི་སོང༌། དེ་བཞིན་དུ་མཁའ་འགྲོ་རྒྱ་མཚོའི་དབང་རྒྱས་པ་བྱས། གཞན་ཡང་གསུང་ངག་རིན་པོ་ཆེ་ཤིན་ཏུ་རྒྱས་པ་ཚར་གསུམ། ཅུང་ཟད་བསྡུས་པ་ཚར་གཉིས༑ གསང་བདེ་དུས་གསུམ་གྱི་རྫོགས་རིམ་ཚར་མང་པོ། གཤེད་དམར་འཇིགས་བྱེད་ཀྱི་རྫོགས་རིམ་བཤད། ནཱ་རོ་དང་ནི་གུ། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར༑ ཡི་གེ་བཞི་པ་གའུ་མ། དམར་འཁྲིད། དཔལ་མོ་ལུགས་རྣམས་རྒྱ་སྟོན་རིན་པོ་ཆེ་ལས་ཐོབ་ནས་གཞན་ལའང་ཚར་རེ་ཙམ་བཤད། དམར་འཁྲིད་ཚེམ་བུ་ལུགས༑ ཆོས་རྗེ་བླ་མ་དམ་པའི་ཡིག་ཆའི་སྟེང་ནས། སེམས་དཔའ་ཆེན་པོའི་དྲུང་དུ་ཐོབ་སྟེ། ཚར་གསུམ་ཙམ་བཤད། གཞན་ཡང་ལས་ཀྱི་གཙོ་བོ་སྙན་སྨྲ་ལ་བྱས་