R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 5
[A:5]ཅད་དུ། ཁྱོད་ཀྱི་འཕྲིན་ལས་སྒྲུབ་པར་ཤོག །ཅེས་པ་བྱིས་པ་ཉིད་ནས་ཐོས་ཤིང༌། གཟུངབཟུང་ལ་ཡིད་དགའ་དུ་མ་བྱས་པའི་སྟེང་དུ། ཕྱིས་མདོ་རྒྱུད་བསྟན་བཅོས་མན་ངག་ཀུན་ཏུ། དོན་རྒྱ་ཆེར་གསུངས་ཤིང༌། ཇོ་བོ་ཆེན་པོས་ཀྱང༌། འབྲོམ་ལ། ཚེ་སྟོད་ཀྱི་བྱ་བ་བྱས་ཚད་ལ། །སེ་བཙུན་སོགས་ཀྱིས་བླ་མ་ལ་གུས་པ་དང༌༑ བྲན་གཡོག་བྱས་པ་རྣམས་ལམ་དུ་སོང་ཞེས་པ་དང༌། འབྲོམ་སྟོན་ཉིད་ཀྱིས་ཀྱང༌། ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་བླ་མ་ལ་བརྟེན་ནས་སྐྱེ། སྐྱོན་ཆེ་འགྲིབ་ཆུང་འགྲིབ་ཐམས་ཅད་བླ་མ་ལ་བརྟེན་ནས་འགྲིབ་ཅེས་པ་སོགས་ཡང་དང་ཡང་དུ་གསུང་བ་ལ། ཉམས་ལེན་གྱི་གཙོ་བོར་བྱས་པའི་ཕྱིར་རོ། །དེ་ཡང་ཕན་འདོགས་ཀྱི་ཞིང་ལ་བྱ་བ་བྱས་ཚུལ་ནི། འདི་ལྟར་ཕ་མ་རྣམས་དཔལ་ལྡན་ས་སྐྱ་པའི་མི་ཡིན་པ། སྡེ་ཆུས་ཀྱི་ཤུགས་ཀྱིས་ཁྱི་མོ་དམག་ཆེན་དུ་གྲགས་པའི་དུས་སུ༑ ཕག་གྲུ་པའི་འོག་ཏུ་ཤོར་ནས་ཡུན་རིང་མ་ལོན་པ་ན། བ་དོ་དཔོན་བརྒྱུད་དཔོན་དྲུང་ཧོར་སོག་པ་ཞེས་བྱ་བས། རྫོང་གསར་བཀྲ་ཤིས་སྒང་བཟུང༌། ཁོང་གི་གཡོག་པོ་དྲག་ཐོག་ཉི་ཤུ་སྐོར་གྱིས། ཁོ་བོའི་ཕ་མའི་ས་མཁར་བཙན་རབ་ཡོད་སར༑ ལུང་པའི་མཚམས་འཛིན་དང༌། ནས་རྒྱ་སོགས་བྱས་ནས་སྡད་པ་རྣམས། དཔོན་ཞེན་དུ་བྱས་ནས། སྟག་ཚང་བ་དཔོན་སློབ་གསུམ་གའི་དམག་བོད་ནས་བཙོན་དུ་འཛིན་པ་སོགས་བྱས། དེ་རྗེས་ས་ཆ་བློས་མ་ཐོང་ནས་ཡུལ་དུ་འབབ་པའི་འཇིག་རྟེན་དུ། ཁོ་བོ་ལོ་བདུན་ལོན་པ་གཅིག་གིས། དཔོན་དྲུང་ཧོར་སོག་པོ་ལ་ཕྱག་རྟེན་ཕུལ་ནས། ཕ་མ་སྡོད་བདེ་བར་བྱས༑ ལོ་བཅུ་བཞི་པ་ལ་ཐོབ་རྒྱལ་དུ་སླེབས་ནས་ཡིག་མཁན་མཐིལ་མ་བྱས་ཤིང༌༑ ལས་ཚན་ཡང་མང་པོའི་ཁུར་ཁུརའཁུར་ཏེ། ནང་པ་དྲུང་གཞོན་པའི་ཐུགས་བཟུང་ནས་ཀུན་གྱི་སྨོན་