R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 6
[A:6]ཤིང༌༑ ཕ་མ་ལ་ཕན་ལེགས་པར་བཏགས། ལོ་བཅུ་དགུ་ལོན་པའི་ཚེ། ལང་འགྲོ་ཕུ་མདའ་མ་འཆམ་པའི་རྐྱེན་གྱིས་མདའ་བའི་མི་སྡེ་རྣམས་རྣམ་རྒྱལ་གླིང་པས་དོ་དམ་བྱས་ནས་ཕུ་ལ་བསུས་པའི་དུས་སུ། ཁོ་བོ་ཡང་ཐོབ་རྒྱལ་ནས་བྲོས་ཐབས་བྱས༑ རྣམ་གླིང་པའི་ཡིག་མཁན་དུ་ཡོང་ལ་རེ་བའི་འབད་རྩོལ་ཕ་མ་དང༌། དཔོན་སློབ་གཉིས་ཀས་བྱས་ནའང་ཁོ་བོ་སྔ་མོ་ནས་རབ་བྱུང་གཅིག་ཡོང་དུ་རེ་བའི་ཐབས་འདུན་སྣ་ཚོགས་ཡོད་པའི་དབང་གིས། ཕ་མའི་ཚེ་འདིར་སྣང་གི་བློ་དད་མ་བསྟུན་པར་འགྲོསགྲོས་སྣ་ཚོགས་བྱས་ཏེ་རབ་ཏུ་བྱུང༌། དེ་རྗེས་རྐྱང་འདུལ་བ་ནས་ཕ་མ་ལ་ཟས་དང་གོས་ཀྱིས་བསྐྱང་བར་གསུང་པ་བཞིན་དུ་ཟླ་བ་བདུན་བརྒྱད་རེ་ཙམ་སྦྲེལ་བ་ལན་འགའ་རེའི་བར་དུ། ཡི་གེ་བྲིས་པའི་གླ་རྔན་གྱིས་ཕན་བཏགས། མདོར་ན་རབ་བྱུང་དང་སློབ་གཉེར་གྱི་ཕུན་ཚོགས་ཡལ་བར་དོར་ནས་དྲིན་གང་ལོན་བྱས་ཤིང༌། ཁྱད་པར་མདོ་ལས། ཕ་མ་གཉིས་ཕྲག་པ་ཡ་རེ་ལ་བཀལ་ཏེ། སྟོང་གསུམ་བསྐོར་ཀྱང་དྲིན་མི་ལོན་གྱི། ཕ་མ་རབ་བྱུང་ལ་བཀོད་ན་དྲིན་ལོན་པར་གསུངས་པ་ལྟར། གཉིས་ཀ་རབ་བྱུང་བྱས༑ ཁྲིམས་ལྡན་བླ་མ་ལ་གུས་ཤིང༌། ཞབས་ཏོག་དང༌། དགེ་སྦྱོང་ལ་ལེགས་པར་སྦྱར། བླ་མ་ལ་བྱ་བ་བྱས་ཚུལ་ནི། སྤྱིར་བླ་མ་གང་བསྟན་ཀུན་གྱི་ཐུགས་གང་ཟིན་གྱྀས་རྩོལ་བ་བྱས་པས། ཤིན་ཏུ་དགྱེས་པ་ཤ་སྟག་དུ་བཞུགས་མོད། ལས་འབྲེལ་ཁྱད་པར་ཅན་ཡོད་པའི་བླ་མའི་གཙོ་བོ་ནི། ཆོས་འཁོར་བ་ཡབ་སྲས་ཡིན་པས། བླ་མ་གཞན་ལ་བཤད་སྦྱང་དུ་མ་ཕུལ་ནས་ཀྱང་འདི་པའི་དགོངས་པ་བསྐངས་ཏེ། དང་པོར་ཆོས་སྒོར་ཞུགས་མ་ཐག་ནས་འཕྲལ་གྱི་ཉེར་མཁོའི་ཕྱག་ཕྱི་སྤྱི་དང༌། ཁྱད་པར་དུ་ཕྱག་དཔེ་བཞེངས་པ། འཕྲལ་གྱི་ཡིག་མཁན་