R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 7
[A:7]སོགས་སློབ་གཉེར་དང་བཤད་ཉན་སོགས་ཡལ་བར་དོར་ཏེ། མཁན་པོ་འབྲོམ་སྟོན་རིན་པོ་ཆེ་ལོ་བརྒྱད་ཀྱི་བར་དང༌། སློབ་དཔོན་རིན་པོ་ཆེ་སེམས་དཔའ་ཆེན་པོ་ལོ་བཅུ་དྲུག་གི་བར་དུ་མཉེས་པར་བྱས་སོ། ཁྱད་པར་དབུས་ཕྱོགས་སུ་སློབ་གཉེར་ལ་འགྲོ་བའི་ལམ་ཁར་བྱམས་ཆེན་དུ། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་པའི་གསུང་གིས། ད་ཁྱོད་དབུས་ལ་འབྱོན་མི་དགོས། སློབ་གཉེར་ཞིབ་ཆ་ངེད་ཀྱིས་སློབ། བྱམས་ཆེན་གྱི་ཆོས་གྲྭ་འཆོས། ནས་ཁལ་བརྒྱད་ཅུ་རེ་ལ་སོགས་པའི་གཞི་རྟེན་སྦྱོར་བས་ཅིས་ཀྱང་སྡོད། ཅེས་མཚན་ཕྱེད་ཀྱི་བར་དུ་བཀའ་ནན་ཆེ་བར་བྱུང་ནའང༌། མཁན་པོ་རིན་པོ་ཆེའི་ཞལ་རས་ཀྱི་དཀྱིལ་འཁོར་ཡིད་ལ་བྲིས་པ་བཞིན་དུ་གྱུར་ཏེ། བཤད་སྦྱང་གི་ཞུ་འབུལ་སྒོ་དུ་མ་ནས་བྱས། གཏིང་བླ་མ་ལ་རྩི་འཇོག་བྱེད་པའི་ཐུགས་མཐོང་འཁྲུངས་འདུག་ནའང༌། འཕྲལ་བཀའ་བཀྱོན་གྱི་རྣམ་པར་སྣང་བ་དུ་མ་འཁུར་དགོས་བྱུང༌། དེ་རྗེས་དབུས་སུ། འབྲས་སྤུངས་ཆོས་རྗེ་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་པ་དང་སྣེའུ་རྫོང་པ་གསོལ་དཔོན་གྲགས་དབང་པ་དང༌། ཕག་གྲུ་དབོན་པོ་བ་གཉིས་ཀ་སྟེ། ཡོན་མཆོད་ཀུན་གྱིས་ཆོས་དང་ཟང་ཟིང་གི་འབྱོར་པ་བླ་ན་མེད་པས་བསྐྱངས། འབྲས་སྤུངས་སུ་ཕན་ཐོགས་སུ་རེ་བའི་ཞལ་བརྡ་དངོས་ཤུགས་དུ་མ་ནས་གནང་མཚམས། ཆོས་རྗེ་སེམས་དཔའ་ཆེན་པོས། བྱང་ཆུབ་གླིང་གི་འཆད་ཉན་ལ་ཤོག་གསུང་པ་ཕེབས། སྤྱིར་གྲྭ་ཚང་ཆུང་ཆུང་གི་འཆད་ཉན་བྱེད་པ་ཕངས་ཤིང༌། དགོས་སློབ་ཆུང་དུ་མི་འོས། ཅེས་སོགས་ཀུན་གྱིས་རྒྱ་ཆེར་གླེང་ཞིང་སློབ་དཔོན་འདུལ་མངོན་པ་རང་གིས་ཀྱང༌། སློབ་ཆུང་གི་མིང་མི་འདོགས། ཕྱག་འཚལ་མི་དགོས་གསུངས་པ་སོགས་མཛད་ཀྱང༌། བླ་མ་དགྱེས་པའི་ཐབས་འབའ་