R1154: གཙང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པའི་ཁ་སྐོང་ཡིད་ཆེས་གསེར་གྱི་ལྗོན་པ།

  • Pagination (Witness A): 58
[A:58]བཀྲ་ཤིས་སྡིང་པས་ཡོན་བདག་བྱས་པའི་ཆོས་འཁོར་དགའ་ལྡན་རྩེའི་གྲྭ་ཚང་གི་འཕེལ་རྒྱས་ལ་གཞིགས་ནས་གསེར་གླིང་དགོན་པ་བཏབ། དགེ་འདུན་བརྒྱད་ཅུ་སྐོར་གྱི་འདུ་ཚོགས་དང་ཚུགས་བཅའ་སྒྲིག་ལ་གནས་པར་གྱུར་ཏོ། །ཤིང་ཕོ་རྟའི་ཆོ་འཕྲུལ་གྱི་དུས་ཆེན་གྱི་རིང་གསང་བ་འདུས་པ་ལུགས་གཉིས་ཀྱི་སྐབས་ཚོགས་པ་ཀུན་བདག་འཇུག་བཞེས་པའི་ཚེ། ཨ་ཙརྱ་ཁྲོ་གཉེར་ཅན་ཧུར་གཏུམས་པ་ལ་བ་དཀར་པོས་ཐོད་བཅིངས་པ་ཚོགས་པ་ཀུན་གྱི་དཀྱིལ་དུ་འོངས་ནས། རྒྱལ་ཚབ་རྒྱལ་ཚབ་ཅེས་སཾ་སྐྲྀ་ཏའི་སྐད་དུ་ལན་གཉིས་བཟློས་ཏེ་འཇའ་ཡལ་བ་ལྟར་གྱུར། ཁོ་བོ་ཇོ་བོ་ཡབ་སྲས་ཀྱི་གྲལ་དུ་འཁོད་པའི་མདོང་གསོལ་ཨེ་ཡིན་དེ་ལྟར་མིན་ན། ད་ན་སོ་ཡང་རྒས། གདན་ས་ཅིག་བསྐོ་བཞག་རན་པའི་བསྐུལ་མ་ཡིན་ལས་ཆེ་གསུངས༑ ཆོས་འཁོར་རང་གི་གྲྭ་ཚང་དགའ་ལྡན་རྩེ། བདེ་འབྱོར། བྱང་ཆུབ་གླིང་དང་བཅས་པའི་སློབ་དཔོན་ཆེ་བགྲེས་རྣམས་བསགས། ངེད་རང་ན་སོ་རྒས་པས་རྒྱུན་རིང་སྡོད་ཤས་ཆུང༌། ཁྱད་པར་དཔལ་མགོན་ཞལ་བཞི་པ་འདིས་ལེགས་ཉེས་ཀྱི་སྟངས་འཛིན་ཅིང་ཕྲིན་ལས་ཐམས་ཅད་ཚུལ་བཞིན་སྒྲུབ་པ་འདིས་བསྐུལ་བའི་མཚན་མ་བྱུང་བས་དགེ་སྦྱོང་རྒན་པའི་བྱ་བ་དེ་ཙམ་གྱིས་ཆོག་ཟིན་པའི་སྐབས་རེད༑ སོ་སོ་ནས་བསྟན་པ་དཔང་དུ་བཙུགས་པའི་གདན་སར་འོས་པའི་གྲོས་མཁོས་ཐིངས་ཆེ་བ་དགོས་གསུངས། དེ་སྐབས་ཆོས་འཁོར་སྒང་གི་བསྟན་པ་རྫོགས་ལྡན་ལ་སྤྱོད་པའི་སྐབས་ཡིན་པས། དགེ་བའི་གཤེས་གཉེན་བསླབ་གསུམ་གྱི་ནོར་ལ་སྤྱོད་པའི་ཐུང་མོང་དང་ཐུན་མོང་མིན་པའི་རིག་གནས་དང་མདོ་སྔགས་ལ་སྦྱང་པ་མཐར་སོན་པ་བགྲང་བར་འདས་ཀྱང་བླ་མ་གོང་མ་རིམ་པར་བྱོན་པ་རྣམས་ཀྱིས་བསྐོ་བཞག་གནང་བ་བསྟན་པ་དང་སེམས་ཅན་ལ་ལེགས་