R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 116
[A:116]མཛད་པས། གདུང་རྒྱུད་པའི་གཟིམས་གཡོག་དང་དཀོན་གཉེར་སོགས་གསང་སྔགས་དང་བསྟུན་དངནས་ཆང་དང་ཕྱི་དྲོའི་ཁ་ཟས་སོགས་ལ་ལོངས་སྤྱོད་པ་རྣམས་ཀྱི་ཁྲོད་དུ་རེ་ཞིག་བཞུགས་པའི་རིང་ལ་ཡང་ཆང་དང་ཕྱི་དྲོའི་ཁ་ཟས་སོགས་ལ་ཤིན་ཏུ་འཛེམ་པའི་བཅད་པ་དམ་པོ་ཕུལ་དུ་བྱུང་བ་མཛད་པས། ཕྱིས། འདུལ་བའི་ཕྱག་ལེན་ཤིན་དུ་དོག་ཆེ་བར་མཛད་པའི་སྒྲོས་ཡང་དྲུང་སྐོར་དེ་རྣམས་ཀྱི་རྩར་གླེང་བ་ན། དེ་མི་ཡོང་དུ། བཙུན་ཆུང་གི་དུས་ནས་བཅད་པ་གཞན་དང་མི་འདྲ་བ་གཅིག་ཡོད་པ་ཡིན་ཞེས་ཟེར་རོ། །རབ་ཏུ་བྱུང་མ་ཐག་ནས། དཔལ་ཀྱཻའི་རྡོ་རྗེའི་དཀྱིལ་འཁོར་དུ་དབང་ཡོངས་སུ་རྫོགས་པར་གསན། ཐོག་མར་བླ་མ་ལྔ་བཅུ་པ་དང་རྩ་ལྟུང་ལ་སོགས་པ་ལ་ཐོས་བསམ་གཙོ་བོར་མཛད་དེ། དབང་དུས་ཀྱི་དམ་ཚིག་དང་སྡོམ་པ་ལ་ནན་ཏན་གཙོ་བོར་མཛད། ཕྱིས་གཞན་ལ་རིགས་ལྔའི་སྡོམ་བཟུང་འབོགས་དུས་ཀྱང༌། ངས་དབང་ཐོབ་འཕྲལ་ནས་རྩ་ལྟུང་ངོ་ཤེས་པ་བྱས། ཁྱེད་ཚོས་ཀྱང་དེ་བཞིན་དུ་བྱེད་དགོས་པ་ཡིན་ཞེས་གསུངས་སོ། །དེ་ནས་ཀྱཻའི་རྡོར་གྱི་སྒྲུབ་དཀྱིལ་དང་ཕྱག་ལེན་ལ་ཤིན་དུ་བྱང་བར་མཛད་དེ། བདག་པོ་འཇམ་དབྱངས་ཆོས་རྒྱལ་བའི་སྒྲུབ་མཆོད་དང་ཐུགས་དམ་གྱི་ཕྱགས་ཕྱི་དང༌༑ བརྟག་གཉིས་དང་མངོན་དཀྱིལ་ལ་སོགས་ཀྱི་ཚིག་འཛིན་རྟོགས་དང་ཆོས་ཀྱི་སྐྱོད་བརྗོད་བྱེད་རོགས་སོགས་མཛད་པས་ཤིན་ཏུ་མཉེས་ཤིང༌། བདག་པོ་དེའི་དྲུང་དུའང་དཔལ་ལྡན་ས་སྐྱ་པའི་མདོ་སྔགས་ཀྱི་ཆོས་སྐོར་མ་ལུས་པ་ལྟ་བུ་གསན། དེས་ཀྱང་ཤིན་ཏུ་ཐུགས་རྩིས་དང་ཐུགས་མཐོང་ཆེ་བས། ཕྱིས་བླ་མ་དང་འདྲ་བར་འཛིན༑ སྐུ་ཚེ་ཅུང་ཟད་ཐུང་པ་མ་རྟོགས། ཆོས་གསན་པའི་སྟ་གོན་ངེས་པར་ཅན་མཛད་དོ། །དེ་ལྟར། བླ་མ་དེའི་ཕྱགས་ཕྱི་དང་མཐུན་འགྱུར་བའི་སྐབས་རྣམས་