R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 118
[A:118]ཐུགས་ལ་བཅགས་པར་གྱུར་ཏེ། དང་པོར་གཞོན་ནུའི་རིང་ལ་མཁས་པ་དག་གི་གྲར་ཕྱིན་ཏེ་བློ་གྲོས་དང་འཚམ་པའི་ཐོས་པ་ཞིག་ཅི་ནས་ཀྱང་རྩལ་བར་རིགས་ལ༑ དེ་ཡང་རིགས་པ་དང་མི་རིགས་པ་དང་ཡང་དག་དང་ལྟར་སྣང་འབྱེད་པ་མཐའ་དག་ནི་རིག་པའི་བསྟན་བཅོས་ཁོ་ན་ལ་རག་ལས་སོ་ཞེས་ཐོས་པས། དེ་དང་པོར་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ལ་ཐོས་བསམ་སྙིང་པོར་བྱའོ་སྙམ་དུ་དགོངས་ནས། ཐུགས་དམ་མཛད་པ་དེ་དག་གི་ཡང་ཐུན་འཚམས་འགའ་རེར་རྣམ་འགྲེལ་གྱི་གཞུང་ལ་གཟིགས་རྟོག་མཛད། འཚམས་ཞིག་ནས་གསང་བུཕུ་ལ་འབྱོན་པར་ཐག་གཅད་པ་ན། སྔར་གྱི་བླ་མ་བརྩོན་ཤེ་ཟེར་བ་དེ་ན་རེ༑ ཁྱེད་མི་ཉན་པར་འདུག་སྟེ། ཁྱེད་ཀྱིས་དབུས་གཙང་དུ་ཚད་མའི་སྟོན་གྲགས་ཐོན་པ་གཅིག་སྤྱིར་གྱིས་ཡོང་མཆི་ནའང༌། ལོ་གསུམ་འགོར། དེ་བར་ལ་ངས་སྒོམ་བྱས་ནས། ཁྱེད་ཀྱིས་གྲ་སྐོར་ནམ་འཁོར་དུས། ངས་མཐོང་ལམ་ཐོབ་པ་གཅིག་བྱེད་པ་ཡིན་ནོ་ཞེས་ཟེར་རོ། །དེ་ཀ་རང་མཐད་པས་ཁྱེད་རང་ཡང་འབུང་གསུངས་ནས༑ དཔལ་གསང་ཕུ་ནེའུ་ཐོག་ཏུ། གླིང་སྨད་གདན་ས་པ་ཚད་སྔོན་པ་དང༌༑ མཁས་པ་གཞོན་ནུ་བློ་ལྡན་གྱི་དྲུང་དུ་ཐོག་མ་ཕར་ཚད་གསན། དེ་ཡང་གདུལ་བྱ་གཞན་ལ་ཁུར་བཀུར་བ་དང་གཟེངས་བསྟོད་པ་དང༌། དམིག་དྲངས་པའི་ཕྱིར་དུ། ཤེས་རབ་དང་བརྩོན་འགྲུས་གཉིས་ཀྱི་ནང་ནས་བརྩོན་འགྲུས་ཤིན་དུ་ཆེ་བའི་ཚུལ་བསྟན། ཉིན་རེ་རྣམ་འགྲེལ་གྱི་ཤོག་ལོགས་རེ་ཙམ་ལས་མི་ཟིན་ཀྱང༌༑ དེའི་རྒྱུགས་མ་སྤྲད་གོང་དུ་ཚར་གསུམ་བཅུ་མ་དང་སྤྲད་ནས་ཉི་ཤུ་རྩེ་རེ་བརྡེའུ་ལ་བགྲངས་ནས་སྦྱངས་པས། སྐུ་ལུས་རྔུལ་ཞི་པ་འབྱུང་བ་དང༌། མཚན་མོ་རིགས་ལུང་མཛད་པའི་ཚེ་ན་ཀུན་གྱི་དང་པོར་འདུས་ནས་མཐར་རྟིང་མ་རང་