R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 125
[A:125]བྱང་བ་ནི་སྔོན་ཡང་མ་བྱུང་ཞིང་ཕྱིས་ཀྱང་མི་འབྱུང་བར་ངེས་སོ་ཞེས་གཏམ་དུ་གླེང་ཞིང༌། ཡུན་རིང་པོའི་བར་དུ། བདག་ཉིད་ཆེན་པོ་འདིའི་བསྔགས་པ་ཁ་ཐོནབཏོན་དུ་བྱེད་པས་དུས་འདའ་བ་གྱུར་ཏོ། །དེ་དུས་དབུས་ན། རྩེ་ཐང་གི་བྱ་པོ་རྡོར་རིན། གཙང་ན་གནརསྣར་ཐང་གི་སྤྲེའུ་རིན་མཆོག །དེ་གཉིས་དབུས་གཙང་ན་སྟོན་གྲགས་ཤིན་དུ་ཆེ་བའི་ཚད་དུ་བྱེད་པ་ལ། བསམ་གྲུབ་རྩེར། འཇམ་དབྱངས་ཤྭཀ་རྒྱལ་གྱི་དྲུང་དུ་རྗེས་འདི་དང༌། སྤྲཻའུ་རིན་མཆོག་མཉམ་དུ་བཞེངས་ནས་སྒྲོག་གླེང་མཛད་པས་རྗེ་འདི་ཉིད་ཤིན་དུ་རྒྱལ་བ་གྱུར་ཏེ། རྩོད་པས། རང་རེ་སྟག་ཚང་སློབ་དཔོན་བྱ་བ་ད་ལྟ་སྟོན་གྲགས་ཆེའི་འདུག་པས་དག་པ་འབུལ་ལོ་ཞེས་བསྙོན་མེད་དུ་རྒྱལ་སར་བཏོན་ཅིང༌། འཇམ་དབྱངས་ཤཱཀ་རྒྱལ་བས་ཀྱང་འབུལ་བ་ཁྱད་པར་ཅན་དེ་ཉིད་དུ་བྱས་སོ། །གཉིས་པ། སློབ་དཔོན་གྱི་བྱ་བ་མཛད་ཚུལ་ནི། རང་གིས་ཇི་ལྟར་གཟིགས་པའི་ཟབ་མོའི་ལམ། ཟང་ཟིང་ལས་ལྡོག་བརྩེ་བའི་བསམ་པ་དང༌། ལྷོད་པ་མེད་པའི་སྦྱོར་བས་སྐལ་ལྡན་ལ། །ཡུན་དུ་འདོམས་པར་མཛད་པ་དེ་ལ་འདུད། ཅེས་པ་སྟེ། དེ་ནས་དགུང་ལོ་སུམ་བཅུ་ཙམ་གྱི་དུས་སུ། ཆོས་ཀྱི་རྒྱལ་པོ་ལོ་ཆེན། སྟག་ཚང་རྫོང་ཁའི་འཆད་ཉན་དམར་བའི་སྒང་གྲྭ་ཚོགས་རྒྱས་པའི་སྐབས་སུ། སློབ་དཔོན་ལ་བསྐོས། རྫོང་ཁའི་དཔེ་དམར་དུ་བཞུགས། བདག་པོ་ཆེན་པོ་ཀུན་དགའ་བློ་གྲོས་བ་ལ་སོགས་པ་ཆེ་གཉན་བཙུན་གསུམ་གྱི་གྲྭ་བ་ཤེས་རབ་ཆེ་ལ། བརྩོན་པ་དང་ལྡན་པར་དུ་མ་བསྡུས་ཏེ། ཕར་ཚད་གཉིས་དང་དབུ་མ་རྩ་འཇུག་ལ་སོགས་པའི་འཆད་ཉན་ཤིན་དུ་འཕེལ་བར་མཛད། དེ་དུས། ཆོས་རྗེ་ལོ་ཆེན་གྱིས་རྟ་ནག་རི་ཁུད་ཀྱི་མཁན་པོ་ཐོགས་གཅིག་མཛད་རྗེས། །རྗེ་འདི་པ་ལ༌། དེའི་གདན་ས་གཏད་ནས། རྟ་ནག་