R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 126
[A:126]རི་ཁུད་དང༌། སྟག་ཚང་རྫོང་ཁ་ཡར་འབྱོན་མར་འབྱོན་གྱི་ཚུལ་གྱི་ཆོས་བར་མཛད་ནས་བཤད་པ་མཛད་པ་ན། བྱང་ཆུབ་སེམས་དཔའ་ཐོས་མང་དང༌།། བདེན་མཐོང་སྨྲ་མཁས་བརྩེ་བ་ཅན། །སྐྱེ་མེད་སྐྱེས་བུ་དམ་པ་ནི། །ཆེན་པོ་ཡིན་པ་ཤེས་པར་བྱ། ཞེས་པའི་མཚན་ཉིད་ཚང་བ་མཛད་པས། མཆད་ཉན་འཕེལ་བའི་གྲགས་པ་དོན་དང་མཐུན་པར་བྱུང་བའི་རྐྱེན་གྱིས། ངམ་རིངས་དང་བོ་དོང་དང་གནརསྣར་ཐང་དང༌། རྟ་ནག་མན། གཞུ་སྙེ་ཡན་གྱི་སློབ་གཉེར་བ་མང་རགས་འདུ་ཞིང༌། དགེ་བའི་བཤེས་གཉེན་སེང་གེ་བཟང་པོ་དང་སེང་གེ་དཔལ་བཟང་དང་སངས་རྒྱས་བཟང་པོ་མཁས་བཙུན་ནམ་མཁའ་སངས་རྒྱས་དང༌༑ བློ་གྲོས་མགོན་ལ་སོགས་པ་དགོས་ཀྱི་ལག་སྐྱེས་ཁོ་ནའི་སྟོན་བཟང་མང་པོ་དང༌། བཅོམ་ལྡན་ཆེན་པོ་དང༌། མཁས་གྲུབ་ཀུན་དགའ་བཟང་པོ་དང་ཉག་རེ་བསོད་ནམས་དཔལ་ལ་སོགས་པའི་དགེ་བའི་བཤེས་གཉེན་སྙན་ཆེན་པོ་མཐའ་ཡས་པ་དང༌། གཞན་ཡང༌། ཤངས་འོ་ཡུག་སོགས་ཀྱི་དགོན་པའི་མཁན་པོ་དུ་མ་དང་བཅས་པའི་གདུལ་བྱ་དཔག་ཏུ་མེད་པ་ལེགས་པར་བཤད་པའི་སྦྱིན་པས་ཚིམ་པར་མཛད་དོ། །དེ་ཡང༌། རང་གི་རྙེད་པ་དང་བཀུར་བཏིསྟི་དང་ཚིགས་བཙད་པ་ལ་སོགས་པ་ལྷུར་ལེན་པའི་ཟང་ཟིང་གི་བསམ་པས་མ་ཡིན་པ། བྱང་ཆུབ་སེམས་དཔའ་གང་ཞིག་སྐལ་མང་བྱེ་སྟོང་དུ། །ཉན་ཐོས་རང་རྒྱལ་སྦྱིན་བྱེད་ཚུལ་ཁྲིམས་བསྲུང་བྱེད་ཀྱང༌། །གང་ཞིག་ཤེས་རབ་ཕ་རོལ་མཆོག་ལྡན་པ་ཡི་ཆོས༑ ༑བརྗོད་པའི་ལེགས་ལ་སྦྱིན་དང་ཁྲིམས་ཀྱིས་ཆར་མི་ཕོད། །ཅེས་དང༌། བྱམས་པ་སེང་གེ་སྒྲའི་མདོར། སྟོང་གསུམ་འཇིག་རྟེན་ཁམས་འདི་གསེར་དག་གིས༑ ༑བཀང་ཏེ་གང་ལ་སྦྱིན་པར་བྱེད་པས་ནི། །ཚིག་བཞི་ཚིགས་སུ་བཅད་པ་