R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 130
[A:130]མཛད་དེ། རྒུན་སྟོད་ཀྱི་དུས་སུ། དཔོན་སློབ་འགའི་ཕྱགས་ཕྱིར། བླ་བྲང་ནང་སོ་ནས་ཀྱི་དྲུང་བསྐོར་དྲག་པ་དང༌། ཕྱིབས་དྲེ་ཐབ་འཛིན་དང་བཅས་པ་ཁྲིད་དེ། ལོ་ཆེན་ཐམས་ཅད་མཁྱེན་པ་གདན་འདྲེན་ལ་བྱོན། དེ་དུས། ཆོས་ཀྱི་རྒྱལ་པོ་དེ་ཉིད་ནི༑ ཤར་ཙོང་ཁ་བ་ཆེན་པོ་དང་ཐབས་གཅིག་དུ་བྱང་ར་སྒྲེང་ན་བཞུགས་སོ། ། དེའི་ཚེ། འབྲིང་ཁུངགུང་སྡེ་པས། དང་ཚུགས་ཀྱི་གྲ་ས་ཆེན་པོ་གཅིག་འདིངས་པར་བཞེད་པའི་ཆོས་དཔོན། ལོ་ཆེན་ལ་ཞུས་པའི་ངོ་ཆེན་གཙོང་ཁ་བ་ཆེན་པོ་ལ་བཅོལ། ཡོན་མཆོད་དང་ཤུགས་དང་སྐུ་ངོ་ཆེས་པའི་དབང་གིས་ཞལ་གྱིས་བཞེས༑ དབུར་སྟོད་ཀྱི་ས་ཆ་བསྟན་གཅིག་ཏུ་འགྲམ་གཏིང༌། ཁང་མཐོ་མང་དུ་རྒྱབ༑ ལུག་ལོ་གསོས་འཕྲལ་ནས་འཁར་ལས་འཛུགས་པའི་ཐུགས་ཐག་བཅད་པ་དང་ཐུག །གདན་འདྲེན་ཤིན་དུ་དཀའ་བ་བྱུང་བ་ལ། འདི་ནས་ཀྱི་ཡོན་མཆོད་རྣམས་ཀྱིས། རྒུནདགུན་རིལ་པོ་ཐུགས་ངང་སྲིངས་ནས་ཞུ་དབུལ་མཛད། སྔོན༑ རྒྱ་གར་དུ། རྒྱ་བརྩོན་སེང་གིས། ཇོ་བོ་ཆེན་པོ་ལ་གདུང་ཤུགས་དྲག་པོས་བོད་འབངས་ཐུགས་ཀྱི་དཀྱིལ་དུ་བཙུད་ཅེས་ཞུ་འབུལ་དྲག་པོ་མཛད་པ་དང་ཚུལ་མཚུངས་པར། དད་པ་དང་ལྷག་བསམ་གྱི་ཟླ་བ་དཀར་པོས་ཕྱག་སོར་གྱི་ཀུ་མུ་ཏ་མ་ལུས་པ་ཐུགས་ཁར་ཟུམ་པའི་སྟེང་དུ། སྙིང་རྗེའི་ཆུ་འཛིན་སྟུག་པོ་འཁྲིགས་པ་ལས་འོངས་པའི་སྤྱན་ཆབ་བདུད་རྩིའི་རྒྱུན་བར་མ་ཆད་དུ་ཕབ་ཅིང༌། གདུང་ཤུགས་དྲག་པོས་སྐྱོད་པའི་ངུད་མོའི་སྒྲ་རྒྱུན་དུ་གྲགས་པ་ལ་བརྟེན་ནས། བསྐྱན་འདྲོངས་ཏེ་རིམས་ཀྱིས་ཕེབས་ནས། ལུགས་ལོའི་དབྱར་གནས་ཀྱི་ཚུལ་ཤིང་དགོན་པ་འདིར་བཞེད་པས། བདག་ཉིད་ཆེན་པོའི་འདིའི་རྒྱ་ཚབ་ཀྱི་བྱ་བ་རྣམས་ཀྱི་ནང་ན་འདི་ཁོ་ན་ཕྱག་རྗེས་ཆེ་ཞིང༌། གཡས་རུ་བྱང་ཕྱོགས་པ་རྣམས་ལ་བཀའ་