R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 129
[A:129]ཆོས་རྗེ་དེའི་བཞེད་པ་ལ། དགེ་འདུན་གྱི་སྡེ་གཙང་མ་གསར་བཙུགས་གཅིག་མ་བྱས་ན། རྙིང་པ་རྣམས་སུ་སྔར་གྱི་ངན་ལང་ཡུན་རིང་དུ་གོམས་པ་རྣམས་འཆོས་པར་དཀའོ་དགོངས་ནས། ལང་འགྲོ་དང་ས་ཆ་མང་པོ་ལ་བརྟག་པ་མཛད་པས་རྒྱུ་མཚན་དུ་མའི་སྒོ་ནས་ཆོས་འཁོར་གྱི་ས་འདི་བཟང་བར་གཟིགས་ཏེ། རྟ་ལོ་སྔནསྔ་མ་དེ་ལ་འགྲམ་ཅིག་གཏིང་པ། ནག་ཕྱོགས་པ་འགའ་རེས་བར་ཆད་བྱས་ནས་སྒྱེལ་ཞིང་མ་གྲུབ་པས་ཐུགས་ཆད་ཅུང་ཟད་ཡོད་སྐབས་ཡིན་པས། བདག་པོ་ཆེན་པོ་དབང་རྣམ་སྲས་རྒྱལ་མཚན་དཔའ་བཟང་པོ་ལ་ཡང་ཞལ་ལྟ་ལེགས་པར་ཞུས། ད་ནི། རྒྱལ་བ་གཉིས་པ་དེའི་བཞེད་པར་ཁྱད་པར་ཅན་དེ་འབད་པ་ཆེན་པོས་མ་སྒྲུབས་ན་ས་ཕྱོགས་འདིར་མི་ཕེབས་པ་དམ། ཕེབས་ཀྱང་ཡུན་རིང་དུ་མི་བཞུགས་པ་ལ་སོགས་པར་གྱུར་པ་ཤིན་དུ་མི་རུང་ངོ་སྙམ་དུ་དགོངས་ནས། རྟ་ལོ་དེའི་དབྱར་གསོས་ནས། བླ་བྲང་ནང་སོར་བདག་རྐྱེན་ཞུས་ཤིང༌༑ ནང་སོ་ནས་ཀྱང་ཐུགས་དད་པ་དང་གུས་པ་ཁོ་ནས། བླ་མ་དང་བསྟན་པ་ལ་དགོངས་ཏེ། ཆོས་རྗེའི་གཟིམས་ཁང་དུ། གཟིམས་ཁང་ཤར་དང༌། བདག་པོ་ཆེན་པོ་རང་ཡང་སྐུ་ཚེའི་བཞུག །བླ་མའི་ཞབས་དྲུང་དུ་ཐུགས་དམ་གྱིས་མཚོ་བར་བཞེད་པས། གཟིམས་ཁང་དུ། གཟིམས་ཁང་ནུབ་དང་བཅས་པ་དབྱར་ངོ་དེ་ལ་ལེགས་པར་འབྱོངས་པར་མཛད་དོ། །དེ་ཐམས་ཅད་ཞལ་ལྟ་དོ་དམ་མཐིལ་ཞུགས་དང༌། ས་བརྟག་བླང་དག་བུམ་གཏེར་བཞུགས་པ་དང༌། ཕྱོགས་བརྟག་པ་ལ་སོགས་པ་དང༌། དགེ་འདུན་གང་ཡོད་རྣམས་ཀྱང་འཁར་ལས་ཀྱི་མཐིལ་ཞུགས་བྱེད་དུ་འཇུག་པའི་ཞལ་ལྟ་དང༌། གང་ཟག་གི་ཁང་པ་འགའ་རེ་ཡང་དེ་ལོ་གྲུབ་པའི་ཞལ་བཀོད་པ་སོགས་པ་རྣམས། རྒྱལ་ཚབ་དམ་པ་འདི་ཉིད་ཀྱིས་