R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 134
[A:134]བོད་དཔེ་དང༌། གཞན་ཡང་རི་མོར་བྲིས་པ་ལ་སོགས་པའི་སྐུ་གཟུགས་དུ་མ་མཆོད་པའི་ཡོ་བྱད་མཐའ་ཡས་པ་དང་བཅས་ཏེ་བཞུགས་སུ་གསོལ་ཞེས་ཐོས་པ་བཞིན༑ ཞིག་གསོས་བྱས་དུས་མངོན་སུམ་གྱིས་མཐོང་བ་ལ། ཁོ་བོས་ཀྱང་འགའ་རེ་མནན་ནས་བྱིན་རླབས་ཤིན་དུ་ཆེ་བར་བཞུགས་སོ། །དེ་ནས། ལོ་གཉིས་སོང་པ་ཤིང་ཕོ་རྟ་ལོའི་དབྱར་བསོས། དགེ་འདུན་འདུ་བའི་དགའ་ཚལ། གཙུག་ལག་ཁང་ཆེན་པོ། ཀ་བ་བདུན་བཅུ་དོན་ལྔའི་པའི་དབུས་སུ། དྲི་གཙང་ཁང་ཀ་རིངས་དྲུག་གིས་བཏེག་པའི་སྟེང་དུ་ཐིགས་ཁང་དང་བཅས་པ་དང༌། དེའི་གཡས་སུ་ཐུབ་པ་ཆེན་པོ་གནས་བརྟན་བཅུ་དྲུག་གིས་བསྐོར་བ་བཞུགས་པའི་ལྷ་ཁང་ཀ་བ་དྲུག་དང༌། མགོན་ཁང་ཀ་དྲུག་རྣམས་སྟོད་དུ་བཅད་པའི་ལྷག་མ་ཁྱམས་སུ་བྱས་པས་བཞེངས་པའི་འགྲམ་འདིངས་པའི་རྩོམ་པ་མཛད་པ་ནའང༌། འདིར་བཞུགས་ཀྱི་ཆེན་པོ་དག་གིས། འདི་ཙམ་གྱི་དགེ་འདུན་འཚོག་པ་ཡང་མི་ཡོང་འགྲུབ་ཀྱང་མི་འགྲུབ་པས། སྔར་པ་འདི་ན། ཆོས་རྗེ་ལོ་ཆེན་རང་གིས་ཞལ་ལྟ་མཛད་པའི་སྐྱ་ར་སློང་འཕྲཽ་འདུག་པ་འདི་ཡང་ཆེས་པ་ཙམ་འདུག་ནའང༌། འདི་ལས་ཁྱད་ཀྱིས་ཆེ་རུ་འགྲོ་བ་འདུག་པས་མི་མཐད་དོ་ཞུ་བ་མང་དུ་བྱུང་འདུག་ནའང༌། བྱ་བྲལ་བ་ནང་ཟ་ནུབ་འཚོལ་ཡིན་པ་ལ་དེའི་ཐུགས་དགོངས་པ་མ་མཛད་པར། སྟེང་པ་སྟོབས་ཅན་གྱི་དཔོན་པོ་བློ་སྟོབས་ཅན་ལྟ་བུའི་ཐུགས་སྟོབས་མཛད་ནས། དལ་བུས་ཞལ་ལྟ་གནང་གིན་བསྒྲུབ། མི་སྟེ་སོགས་ཀྱི་ལས་བྱེད་ནི་མེད༑ དགེ་འདུན་གང་ཡོད། ལས་བགོས་བྱས་ནས། འགའ་ཞིག་གིས། གནས་རྙིང་ནས་ཤིང་ཆ་ཚན་ཆེ་ཞིང༌། ལམ་གྱི་མི་རང་དགའ་བ་དག་མིག་འཇིགས་པ་ཉོས་སྟེ། ཉང་ཆུ་དང་གཙང་ཆུའི་གཞུང་ལ་རྫིང་བུ་བྱས་ནས་དྲངས། ཚན་ཅིག་