R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 135
[A:135]གིས༑ འཁར་ལནམཁར་ལས་ལ་འབད་པ་དྲག་པོ་ཕུལ་དུ་བྱུང་བ་མཛད་པས༑ ལོ་ཆེན་གྱི་ཐུགས་རྗེ་དང༌། བདག་ཉིད་ཆེན་པོ་འདིའི་ཐུགས་སྟོབས་དང༌། དགེ་འདུན་རྣམ་གྱི་ལྷ་བསམ་རྣམ་པར་དཀར་བ་ནམས་ཀྱི་ལྷན་ཅིག་བྱེད་རྐྱེན་བསྟན་བསྲུང་དང་དཀར་ཕྱོགས་ཀྱི་ལྷས་བྱས་པའི་དབང་གིས་ལོ་དེ་ཉིད་ལ་ཐོག་འབུབས་མཐའ་དག་གྲུབ་ཅིང༌། ཆུའི་རྦ་ཀློང་དང་ཟམ་པ་ལ་རྫིངས་འཐོགས་པ་ལ་སོགས་པའི་ཉེན་ཅན་འགའ་རེ་བྱུང་ནའང༌། རྗེ་ཉིད་ཀྱིས་སྐབས་དང་སྐབས་སུ་སྐུ་འཚམས་བཅས་པའི་ཐུགས་དམ་ལེགས་པར་མཛད་པས། གནོད་པ་མ་བྱུང༌། ཁྱད་པར་རྫིངས་པ་རྣམས་སླེབ་དུ་ཉེ་བའི་དུས་གཅིགགཞིར་བཞུགས་ཐམས་ཅད་ཐུགས་ཐེ་ཚོམ་དུ་གྱུར། ཆུ་དེ་ལ་སྐྱོན་འགའ་རེ་ཡོང་ལས་ཆེ་སྙམ་ནས། དྲུང་དུ་ཞུས་པས། རྫིང་པ་རྣམས་ལ་ཉེན་ཆེ་ཟེར་བ་མང་དུ་ཡོང་ནའང་སྐྱོན་པ་མི་ཡོང༌། དེ་བས། གཞིའི་འཁར་ལནམཁར་ལས་པ་རྣམས་གཟབ་དགོས་པར་འདུག་གོ་གསུངས་པ་ལ། ཐམས་ཅད་ཀྱི་གཟབས་ནས། ཆུ་སྐྱེད་གསར་བུ་གཅིག་སྦ་བ་འགགས་ནས་ཤིང། །ཅིག་གི་རྐང་པ་ཆག་པ་ལ་སོགས་པ་བྱུང༌༑ དེ་ལྟ་བུའི་སྐབས་ཞིག་ཏུ། ཤིང་བཟོ་བ་དཔོན་སློབ་གཉིས་ཀྱིས། །ཤིང་བསྒྲིགས་བྱེད་དུས། ཁང་པར་རང་ཤིན་ཏུ་ཆེ། འདི་གཞན་ཅིག་གི་ཡིན་ན། རང་རེ་གཉིས་ཀྱིས་ཀྱང་བཟའ་ཆེན་པོ་ཟ་བར་འདུག་ཏེ། ཞེས་སྨྲས་པའི་དགོངས་མོ། གཟིགས་རྟོག་ལ་ཕེབས་ནས། སྐོར་གཅིག་གཟིགས་ཏེ། དཔོན་མོ་ཆེ་མད་པར་འདུགརྒྱ་ཡང་ཆེན་པོ་ཀ་འདུག་གསུངས་པ་ན། ཤིང་བཟོ་བ་བྲེད་རྔ་སུ་གྱུར། མི་ཕྱེད་པའི་དད་པ་ཐོབ། ཟས་ཤར་མ་ཙམ་མ་རྟོགས་སྐོམ་ཡང་ཆུ་ལ་བྱས་ཀིན་དད་པ་འབའ་ཞིག་གིས་ཀུན་ནས་བླངས་ཏེ་བཞེངས། བཟོ་བོ་འདི། རྩེ་གདོང་བླ་