R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 138
[A:138]མཛད་དེ། བྱ་བྲལ་བའི་དགོན་པ་གསར་བུ་ལ་དགོས་ཆ་མཐའ་དག་གསར་དུ་བསྒྲུབས་པ་ཁོ་ན་ཡིན་ནོ། །དེ་དག་ནི་བྱ་བ་ལས་ཀྱི་འཁོར་ལོ་ལ་བརྩམས་ཏེ་བྱ་བ་མཛད་ཚུལ་བརྗོད་པ་ཡིན་གྱི། གཙོ་བོར་ནི། བླ་མ་འདི་རང་ཉིད་ཆོས་ཚུགས་ལ་རྩལ་དུ་འདོན་པ་དང༌། དགེ་འདུན་གྱི་ཆོས་ཁྲིམས་བསླབ་ཚུགས་ཀྱང་འདིའི་རིང་ཁོ་ན་དམ་ཞིང་ཚོགས་ཀྱི་ཀུན་སྤྱོད་སྒྲིག་པ་ཡང་སྤྱན་ཅུང་ཟད་གཟིགས་པ་ཙམ་གྱིས་ཆོག་པར་བྱེད་པས། ཤིན་དུ་འགྲིག་པ་ཁོ་ན་འབྱུང་བ་དང༌། སྒྲུབ་པ་ཉམས་ལེན་གྱི་འཁོར་ལོ་ལ་བྱ་བ་ཡང་ཕུལ་དུ་བྱུང་བ་མཛད་ཅིང༌། རང་ཉིད་ཀྱི་སློབ་དཔོན་གསང་ཕུ་བ་བྱང་སེམས་ཛྙཱ་ན་ཤྲི་དང་སྔ་མོ་ནས་དཔོན་སླཽབ་བཀའ་འགྲོས་མཛད་དེ༑ དབུས་སུ་གདན་འདྲེན་ལ་བྱོན། མངོན་ཚན་ཆེས་ན། དབུས་ཀྱི་བུ་སློབ་སྒོ་མོ་རིན་པོ་ཆེ་དཔལ་བཟང་པ་ལ་སོགས་པས་འགོག་པར་ཡོད་འདུག་པས། རི་བོ་དགེ་ལྡན་དུ། ཤར་ཙོང་ཁ་པ་ཆེན་པོ་ལ་ལམ་རིམ་ལ་སོགས་པ་གསན་པ་ཁོ་ན་ལ་བྱིན་པའི་ལུགས་སུ་མཛད་ནས་གསང་ཐབས་སུ་གདན་དྲངས་ཏེ་ཕེབས་པ་ན། རིན་པོ་ཆེ་དཔལ་བཟང་པས། བླ་མ་རྐུས་པས་དམ་པ་མ་ཡིན་པར་ཐལ་ཟེར་བའི་འཕྲིན་ཡིག་བྱུང་བ་རྒལ་རྟགས་སོགས་ཀྱང་ཡོད། དེ་ལྟར། བྱང་ཆུབ་སེམས་དཔའ་དེ་ཉིད་ཆོས་རྗེ་ལོ་ཆེན་མི་གཤེགས་ཙམ་ནས་གདན་དྲངས་ཏེ་ལོ་བདུན་བརྒྱད་ཀྱི་བར་དུ་ཆོས་གསུང་དུ་འཇུག་པ་དང༌། ཆོས་རྗེ་གནས་སྙིང་དཀའ་བཅུ་པ་དགོན་པ་འདིར་ཆེད་དུ་ཆོས་གསན། བླ་མར་ཁུར་གུས་པར་མཛད་པས༑ ཁོ་རང་གིས་ཀྱང་ཆོས་གསན། འདིར་བཞུགས་ནས་ཚོགས་པ་ལ་ཆོས་མང་དུ་གསུངས། ཆོས་རྗེ་མཁྱེན་རབས་པ་ཡང་ནན་གྱིས་སྐོར་ནས་ཆོས་གསུངས་དུ་འཇུག་པ་དང༌། གཞན་ཡང་འདི་པ་རང་གི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་