R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 139
[A:139]ལ་རེ་རེ་ནས་གྲངས་སྤྲཽད་པ་དང་དངོས་ལྐོག་དུ་གནང་སྦྱིན་མཛད་པ་སོགས་ཀྱིས་བསྐྱངས་ཏེ་འཆད་ཉན་ལ་འབད་པ་ཆེར་མཛད་པས། ཀློག་པ་ཐོས་བསམ་གྱི་འཁོར་ལོ་ལ་ཡང་བྱ་བ་ཤིན་ཏུ་ཕུལ་དུ་བྱུང་བ་མཛད་དོ། ། གསུམ་པ། མཐར་ཡང་ནང་གི་རྣལ་འབྱོར་གཙོ་བོར་མཛད་ཚུལ་ནི། འཁོར་ལོ་གསུམ་གྱི་བྱ་བས་རྒྱལ་བའི་བསྟན། །ཆེས་ཆེར་རྒྱས་པར་མཛད་ནས་ཆོས་ཀྱི་སྲིད། །རྒྱལ་སྲས་མཆོག་ལ་གཏད་དེ་རིམ་གཉིས་ཀྱི། །ཏིང་འཛིན་བདུད་རྩིས་བཞེས་པ་དེ་ལ་འདུད། །ཅེས་པ་སྟེ། དེ་ལྟར་ཆོས་ཀྱི་རྒྱལ་སྲིད་མཐའ་ཡས་པ་རྣམས་གོང་འཕེལ་གྱི་སྒོ་ནས་ལོ་ཉི་ཤུའི་བར་སྟེ། ཁྱད་པར། ལོ་ཆེན་གཤེགས་ནས་ལོ་དགུའི་བར་དཀའ་བ་རྒྱ་ཕྲག་དུ་མའི་འབད་པ་ལྷུར་བླངས་ཏེ་ལེགས་པར་སྦྱངས་ནས། ས་མོ་ཕག་གི་དཔྱིད་སོས། དཔལ་ལྡན་བླ་མ་དམ་པ་ཆོས་རྗེ་སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་བའི་ཞལ་མངའ་ནས་ལ་ཆོས་ཀྱི་རྒྱལ་སྲིད་གཏད་པར་བཞེད་དེ། དེ་ཡང་བླ་མ་འདིས་གདན་སའི་མཚན་མ་བཏགས་ཀྱང་དགེ་འདུན་སྤྱི་ལ་ཆོས་རྒྱུན་དུ་གསུང་པ་དང༌། དུས་མཆོད་ཀྱི་རྒྱུ་བ་འཛུགས་པར་དང༌༑ ལྷ་ཁང་དང་མཆོད་རྟེན་བཞེངས་པའི་ཡོ་བྱད་འཚོ་བ་ལ་རུ་ཁྲོད་དུ་འབྱོན་པས་དང་ཐ་ན་ཚོགས་ཀྱི་ཀུན་སྤྱོད་དང་སྤྱི་སྤྱོད་སྒྲིག་པ་སོགས་ཀྱི་ཐུགས་ཁུར་ཤིན་དུ་ཆེ་བར་བཞེས་ཀྱི་ཡོད་དེ་འདྲའོ་བྱ་གཅིག་བཤོར་ན་ནི་མ་བཞུགས་པའི་རྐྱེན་བྱེད་ཡང་སྲིད། འདིར་ལ་མི་འཆོལ་དུ་གཞན་སུས་ཀྱང་མི་ཡོང། ཐབས་ཇི་ལྟར་དྲག་གམ་སྙམ་དུ་དགོངས་པ་ལས། དེ་དུས། ཤར་ཙོང་ཁ་བ་བཞུགས་པས། དེ་ནས་བཀའ་ཤོག་ནན་ཅན་གཅིག་སྤྱན་དྲངས་ན་ལེགས་སམ་བློ་བུར་དུ་སུས་ཀྱང་མ་རིག་ཅིང་མ་དགོས་པ་ལེགས་སྙམ་དུ་དཀོན་མཆོག་ལ་གསོལ་བ་བཏབ་པས་ཕྱི་