R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 50b
[A:50b]འདི་རྒྱ་གར་ནུབ་ཕྱོགས་པ་ཡིན་ཞེའོ༎ ༎ ཤཱནྟ་གུཔྟ་། ཤཱནྟ་གུཔྟ་ནི། ཤཱནྟ་ཀ་ར་གུཔྟ་ཡིན་པ་འདྲ་ལ་དེ་ལྟ་ན་ནི་བ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་གྱིས་མདོ་དྲན་པ་ཉེར་བཞག་གི་མཇུག་
བོད་དུ་མ་འགྱུར་བའི་དཔེ་རྒྱ་གར་ཤར་ནུབ་ཐམས་ཅད་དུ་བཙལ་བའི་ཚེ། པཎྜི་ཏ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ། བཀའ་བསྟན་བཅོས་ཀྱི་གླེགས་བམ་ཕལ་མོ་ཆེ་ཕྱག་ན་ཡོད་པ། མདོ་ཕྱི་འགྱུར་གྱི་
ལོ་ཙཱ་བའི་སློབ་དཔོན་མཛད་ཅིང་། དགའ་ལྡན་དུ་བྱམས་པའི་དྲུང་དུ་འབྱོན་པར་ཞལ་གྱིས་བཞེས་པ་དེའོ༎ གུ་ཎ་རཀྵི་ཏ། གུ་ཎ་རཀྵི་ཏ་ནི། བི་ཀྲ་མ་ཤཱི་ལའི་པཎྜི་ཏ་ཡིན་ལ་བཻ་རོ་ཙ་ན་བཛྲའི་བླ་མའོ༎ ༎ པཎ་ཆེན་ཟླ་བ་མགོན་པོ།
པཎ་ཆེན་ཟླ་བ་མགོན་པོ་ནི། ཁ་ཆེའི་ཡུལ་གྱི་བྲམ་ཟེ་ལས་དྲུག་ལ་མཁས་པ་ཞིག་གི་སྲས་སུ་འཁྲུངས་ཏེ། དབུགས་ཐེངས་རེ་ལ་ཤླཽ་ཀ་བཅུ་དྲུག་ལན་རེས་འཛིན་ནུས། དེས་ལོ་བཅུ་
གཉིས་ཀྱི་བར་ལ་ཡབ་ལས་མུ་སྟེགས་ཀྱི་རིག་བྱེད་མ་ལུས་པར་ཤེས་ནས། བླ་མ་སངས་རྒྱས་པ་ཡིན་པས་དེས་ཁ་ཆེའི་པཎྜི་ཏ་ཆེན་པོ་བྲམ་ཟེ་ཞབས་བཟང་པོ་མིང་གཞན་སཱུརྱ་ཀེ་ཏུ་ཞེས་པའི་དྲུང་དུ་བཏང་
སྟེ་ཆོས་ཉན་དུ་བཅུག་པ་ན། པཎྜི་ཏ་དེའི་སྲས་མོ་ཞིག་བླ་མ་ཟླ་མགོན་གཟུགས་ཤིན་ཏུ་མཛེས་པ་ལ་ཆགས་ནས། ཡབ་ལ་འདི་ངའི་ཁྱིམ་ཐབ་བྱེད་ན་ཆོས་གསུང་བར་ཞུ་ཞུས་པས། ཆོས་ཕྱིར་དེ་ལྟར་བྱས་