R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 51a
[A:51a]ནས་ཆོས་བསླབས་པས། དེ་ལ་སློབ་མའི་ཐུ་བོ་སོ་ན་ས་ཧེ་དང་། ལཀྵྨིཾ་ཀ་ར་དང་། ཛྙཱ་ན་ཤྲཱི་དང་། ཙནྡྲ་རཱ་ཧུ་ལ། སོ་མ་ནཱ་ཐ་ཞེས་པ་ཟླ་བ་མགོན་པོ་རྣམས་རིག་པའི་གནས་ལྔ་ལ་
མཁས་པའི་པཎྜི་ཏར་གྱུར། ཁྱད་པར་ཟླ་མགོན་གསང་འདུས་འཕགས་སྐོར་དང་དབུ་མ་ལ་མཁས། དེའི་ཚེ་པཎྜི་ཏ་འདུལ་བ་འབྱུང་གནས་བློ་གྲོས་ཀྱིས་ཞབས་བཟང་པོ་ལ་དབང་མདོར་བསྟན་དང་། དབང་གི་
རབ་བྱེད་ཀྱི་དཔེ་སྐྱེས་སུ་བསྐུར་་བས། དེ་སྤྱི་བོར་བཞག་ནས་སྨོན་ལམ་བཏབ་པ་དང་། སློབ་མ་རྣམས་ཀྱིས་ཆོས་དེ་ཅི་ལགས། བདག་ཅག་རྣམས་ལ་ཡང་ཞུ་ཞུས་པས། རྒྱུད་ཟབ་མོ་ཅིག་འདུག་སྟེ་ངས་མ་
ཐོས་པས་བཤད་མི་རུང་གསུངས་ནས་དཔེ་གནང་། དེ་ལ་ཟླ་མགོན་གྱིས་གཟིགས་པས་ལྷག་པར་ཡང་གུས་པ་སྐྱེས་ཏེ། དེར་ཆོས་གསན་འཕྲོ་བཅད་ནས། མ་ག་དྷར་ཆོས་དེ་རྩད་གཅོད་དུ་བྱོན་པས། དུས་
འཁོར་ཞབས་ཆུང་བ་ཡབ་སྲས་དང་མཇལ། དབང་གདམས་ངག རྒྱུད་འགྲེལ་སོགས་བྱང་ཆུབ་སེམས་དཔའི་ཆོས་སྐོར་མཐའ་དག་མ་ལུས་པར་གསན། ཆོས་མངོན་པ་སོགས་ཀྱང་གསན། གདམས་
ངག་ལ་མངའ་བརྙེས་ཏེ་ཡུལ་སྣང་གང་གཟིགས་ཡེ་ཤེས་ཀྱི་རོལ་པ་ཁོ་ནར་འཆར། རླུང་ཞི་བ་ཅན་གྲུབ། ཟག་པ་མི་མངའ། བྱང་སེམས་འཛག་མེད་དུ་འཆིངས་པའི་ཡོན་ཏན་དང་ལྡན། བྱིན་བརླབས་