R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 50a
[A:50a]ཤིང་། འགྲན་ཟླ་མ་མཆིས་པར་ཀུན་གྱིས་ཚད་མར་འཛིན། པཎྜི་ཏ་ཐམས་ཅད་ཀྱིས་དྲི་གཏུག་དང་། འབེལ་བའི་གཏམ་གྱི་དབང་པོ་དང་། མན་ངག་ལེན་པའི་གནས་
སུ་བྱེད། བསྙེན་པར་རྫོགས་པའི་མཚན་སངས་རྒྱས་གྲགས་སུ་བཏགས། རྒྱུད་སྡེ་མཐའ་དག་གི་མཛོད་འཛིན་པ། མཆོག་གི་དངོས་གྲུབ་བརྙེས་ཤིང་ཚེའི་རིག་འཛིན་གྲུབ་པས། ཨ་བྷ་ཡ་ལས་ཀྱང་རྟོགས་
པ་མཐོ་བར་གྲགས་པ། རྡོ་རྗེ་གདན་དང་། ན་ལནྡྲའི་མཁན་པོ་མཛད་དེ། བོད་ཀྱི་སློབ་མ་རྣམས་ལ་ལྷག་པར་ཡང་ཐུགས་བརྩེ་བས། དུས་འཁོར་འགྲེལ་ཆེན་ལ་འགྱུར་མཛད་ནས་འཁྲིད་པར་མཛད་དོ༎ ༎ མཉྫུ་ཀཱིརྟི།
མཉྫུ་ཀཱིརྟི་ནི། ནཱ་རོ་པ་དང་། དུས་ཞབས་ཆུང་བ་ཡབ་སྲས་བསྟེན་ཏེ་ལེགས་པར་སྦྱངས་པས། མཁས་ཤིང་གྲུབ་པ་མཉྫུ་ཤྲཱི་ཀཱིརྟི་ཞེས་སུའང་གྲགས། མཉྫུ་ཧ་ར་ཞེས་པའི་གནས་སུ་བཞུགས་སོ༎
དེའི་སློབ་མ་ས་མནྟ་ཤྲཱི་བྷ་དྲ་ནི། བལ་པོ་ཡེ་རང་གི་རོལ་པའི་གྲོང་ཁྱེར་དུ་སྐུ་འཁྲུངས། དུས་ཞབས་པ་ཆུང་བའི་སློབ་མ་མཁས་པ་ལྔ་ལ་གསན་ཅིང་། ཁྱད་པར་མཉྫུ་ཀཱིརྟིའི་རྗེས་སུ་འབྲང་ངོ་༎ ༎ ཨ་ཙ་ལ་གརྦྷ།
ཨ་ཙ་ལ་གརྦྷ་ནི། མདོར་བསྡུས་དང་པོའི་བཤད་སྦྱར་མི་གཡོ་བའི་སྙིང་པོ་སྣང་བ་མཛད་པོའོ༎ ༎ དཱ་ན་ཤྲཱི། དཱ་ན་ཤྲཱི་ནི། དཱ་བྱང་ཆུབ་སེམས་དཔའ་ཞེས་པ་ཇོ་བོ་རྗེའི་དཔོན་པོ་ཡིན་ལ། དུས་འཁོར་པ་ཆོས་ཤེ་ནི།