R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 51b
[A:51b]ཤིན་ཏུ་ཆེ་སྟེ། འགྲོ་བ་གཟིགས་སོ་ཅོག་ལ་ཏིང་ངེ་འཛིན་ངང་གིས་སྐྱེ། འཇམ་དཔལ་དངོས་སུ་གྲགས་སོ༎ དེ་ནས་ཁ་ཆེར་བྱོན་ཏེ། ཁ་ཆེ་རིན་ཆེན་རྡོ་རྗེ་དང་རྩོད་པ་བྱས་ནས། སེམས་ཙམ་གྱི་ལྟ་བ་སུན་
ཕྱུང་བས་དེ་ཕམ་པ་དང་། ང་ལ་སློབ་མ་མི་དད་པར་འོང་བས་གཞན་དུ་བྱོན་ཅིག་གསུང་། དེའི་ཚེ་རིགས་ལྡན་པདྨ་དཀར་པོ་བྱོན་ནས། ཁྱོད་བོད་དུ་སོང་ཞིག་ངེས་དོན་གྱི་བསྟན་པ་རྒྱས་པར་འགྱུར་
རོ༎ ཞེས་ལུང་བསྟན་པ་ལ་བརྟེན་ནས་བོད་དུ་བྱོན་ཏོ༎ དཔག་བསམ་སྙེ་མ་ལས། གྲུབ་ཆེན་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་ཤིང་པཎ་ཆེན་རྣམས་ཀྱིས་འབེལ་གཏམ་གྱིས་གཏན་ལ་ཕབ་
པའི་ལེའུ་སྟེ་གསུམ་པའོ༎ ༎ ལོ་ཙཱ་བས་བོད་སྐད་དུ་བསྒྱུར་བའི་ལེའུ་སྟེ་བཞི་པ། བོད་དུ་ལོ་ཙཱ་བས་ཇི་ལྟར་བསྒྱུར་ཚུལ། ད་ནི་བོད་དུ་ལོ་ཙཱ་བས་ཇི་ལྟར་བསྒྱུར་ཞེ་ན། དེང་སང་བོད་ཕལ་ཆེ་བ་རྣམས་འདོད་པའི་མེ་མཁའ་རྒྱ་མཚོ་ལས་འདས་ལོ་བསྲེ་བའི་ཐོག་མའི་རབ་བྱུང་མེ་མོ་
ཡོས་ལ། གྱི་ཇོ་ལོ་ཙཱ་བ་ཟླ་བ་འོད་ཟེར་གྱིས། དུས་འཁོར་ཞབས་གཉིས་པ་ཤྲཱི་བྷ་དྲ་བོ་དྷི་སྤྱན་དྲངས། པུ་ཧྲངས་ཀྱི་ཞང་སྟོན་གསལ་བ་ཤེས་རབ་ཀྱིས་ཡོན་བདག་བྱས་ཏེ། རྒྱུད་འགྲེལ་གྱི་ཇོ་འགྱུར་དང་།
བསོད་སྙོམས་པས་མཛད་པའི་སྙིང་པོ་རྒྱན་བསྒྱུར། ལོ་པཎ་གཉི་གས་སློབ་མ་ལོ་ཆུང་རྣམས་ལ་རྒྱུད་འགྲེལ་དུམ་བུར་བགོས་ནས་བསྒྱུར་དུ་བཅུག་པས་འགྱུར་མངས་སུ་༼མང་དུ་༽གྲགས་པ་བྱུང་། དེ་ནས་མེ་མོ་