[A:52a]བྱ་ལོ་ལ་ལྷ་བཙུན་པ་བྱང་ཆུབ་འོད་ཀྱི་བཀའ་ལུང་གིས། པཎྜི་ཏ་དཱ་ན་ཤྲཱི་སྤྱན་དྲངས། རྨ་དགེ་བའི་བློ་གྲོས་ཀྱིས་འགྱུར་བཅོས། དེ་ནས་མང་འོར་བྱང་ཆུབ་ཤེས་
རབ། བློ་གྲོས་སྙིང་པོ། བསོད་ནམས་ཡེ་ཤེས་ཀྱི་འགྱུར་བྱུང་། དེ་ནས་མེ་རོ་ཆུ་གཏེར་འགོད་པ་ན་ཞང་སྦ་ཆུང་བས་སྦྱིན་བདག་བྱས་འབྲོ་འགྱུར་བྱུང་ཞེས་དུས་འཁོར་བ་ཆོས་ཀྱི་ཤེས་རབ་གསུང་། འདིའི་
གོང་རོལ་དུ་འགོས་ཁུག་པ་ལྷ་བཙས་ཀྱིས་ཀྱང་འགྱུར་མཛད་དོ༎ དེ་ནས་ལྕེ་དོལ་སྒང་པས་སྦྱིན་བདག་བྱས་ཏེ། འ་ཞ་རྒྱ་གར་བརྩེགས་ཀྱིས་འབྲོ་འགྱུར་ལ་བཅོས། དེ་ནས་གཉན་ལོ་ཙཱ་བ་དར་མ་གྲགས་ཀྱིས་རྒྱུད་
འགྲེལ་དང་རྒྱུད་ཕྱི་མ་བསྒྱུར། རྒྱ་གར་དུ་ན་ལནྡར་ལྡི་རི་ཆོས་གྲགས་ཀྱིས་བསྡུས་རྒྱུད་དང་། ཙ་མས་འགྲེལ་ཆེན་བསྒྱུར། དེ་ནས་རོང་གླིང་ལོ་ཙཱ་བ་རྡོ་རྗེ་དབང་ཕྱུག སྟེང་པ་ལོ་ཙཱ་བ་ག་རོང་ཚུལ་
ཁྲིམས་འབྱུང་གནས། རྭ་ཆོས་རབ། ཆག་ཆོས་རྗེ་དཔལ། ཤོང་སྟོན་རྡོ་རྗེ་རྒྱལ་མཚན། ཡར་ཀླུངས་ཤུང་ཀེ་གྲགས་པ་རྒྱལ་མཚན། དཔང་བློ་གྲོས་བརྟན་པ། དཔང་གི་སློབ་མ་མ་ཏི་རྣམ་
གཉིས་ལ་སོགས་པ་སྟེ། གླེགས་བམ་གཅིག་ལ་དུས་ཀྱི་འཁོར་ལོ་ཁོ་ན་སྒྱུར་བྱེད་མང་ངོ་༎ རྒྱུད་ཕྱི་མ་ལ་ཤེའུ་ལོ་ཙཱ་བའི་འགྱུར་དང་། ཕྱིས་ཀླུབས་ལོ་ཙཱ་བ་བློ་གྲོས་དཔལ་གྱི་འགྱུར་ཏེ། དེས་ཚིགས་