R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 52b
[A:52b]སུ་བཅད་པ་བཅུ་གཅིག་ཆད་པ་བསབས་སོ༎ དབང་མདོར་བསྟན་ལ་འབྲོ། རྭ། མན་ལུངས་པ། ལོ་གྲགས་པ། དཔང་ལོ། སྒྲ་ཚད་པ་རིན་རྒྱལ་རྣམས་ཀྱི་འགྱུར། པུ་ཧྲངས་ལོ་ཆུང་གིས་བསྒྱུར་བ་
ལ་མཚན་དབང་ཉེར་བསྟན་ཞེས་སོ༎ རྡོ་རྗེ་སྙིང་འགྲེལ་ནི། ཅོག་གྲུ་ཏིང་འཛིན་བཟང་པོ། གཉེར་ཅོར་ཤེས་རབ་གྲགས། ཁྱུང་པོ་ཆོས་བརྩོན། ལོ་གྲགས་པ། དབང་རྣམས་ཀྱིས་བསྒྱུར་རོ༎ བདེ་
མཆོག་ཕྱག་རྡོར་སྟོད་འགྲེལ་ནི། ཅོག་གྲུ་འགྱུར་ལས་ཤོང་བློ་བརྟན་གྱིས་བཅོས་པ་དང་། ཁུ་དངོས་གྲུབ་ཀྱི་འགྱུར་ཡང་ཡོད་དོ༎ ལྟ་འདོད་མདོར་བསྟན་ནི། ཀུན་སྤངས་ཆོས་གྲགས་དཔལ་
བཟང་པོའི་འགྱུར། དོན་དམ་བསྙེན་པ་དང་། དཀའ་འགྲེལ་པདྨ་ཅན་གཉིས་ཟླ་མགོན་གྱི་རང་འགྱུར། དུས་ཞབས་པ་ཆེན་པོས་མཛད་པའི་སྒྲུབ་ཐབས་ཡན་ལག་བཞི་པ་དང་། དེས་མཛད་པའི་དུས་
འཁོར་གྱི་མན་ངག་གི་ཇོ་འགྱུར། དཱ་རི་ཀ་པའི་དབང་རབ་བྱེད་ཀྱི་འགྲེལ་པ། སྒྲུབ་ཐབས་ཀྱི་ཆོ་ག་རིམ་པར་ཕྱེ་བ། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཆོ་ག་ཡན་ལག་བཅུ་གཅིག་པ། དུས་
ཞབས་པའི་དབང་མདོར་བསྟན་གྱི་འགྲེལ་པ། དུས་ཞབས་སྙན་རྒྱུད་རྣམས་འབྲོ་འགྱུར། སཱ་དྷུ་པུ་ཏྲས་མཛད་པའི་སྒྲུབ་དཀྱིལ་རྭ་འགྱུར། འདི་པཎ་ཆེན་ནགས་ཀྱི་རིན་ཆེན་དང་ཆོས་འཁོར་ལོ་