R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 53a
[A:53a]ཙཱ་བས་བསྒྱུར་བ་ལ་ཆོས་འབྱུང་ཞི་བས་མཛད་ཅེས་བྱུང་། རོལ་པའི་རྡོ་རྗེའི་ལྷན་སྐྱེས་སྒྲུབ་ཐབས་དང་། ས་མནྟ་ཤྲཱིའི་སྦྱིན་བསྲེག་ཆོ་ག་རྭ་འགྱུར། དུས་ཞབས་པ་
ཆུང་བས་མཛད་པའི་དཀྱིལ་ཆོག་ཡིད་འོང་ཕྲེང་བ། ལ་ཆིངས་ཡོན་ཏན་འབར་གྱི་འགྱུར། དུས་ཞབས་པའི་ལྷན་སྐྱེས་སྒྲུབ་ཐབས་ཁྲོ་ལོའི་འགྱུར། དབང་མདོར་བསྟན་གྱི་འགྲེལ་པ་ནཱ་རོ་པས་མཛད་
པ་ལོ་གྲགས་པ་དང་། སྒྲ་ཚད་པ་དང་། དཔང་གི་འགྱུར། དེའི་དཀའ་འགྲེལ་ཤླཽ་ཀ་སུམ་བརྒྱ་དྲུག་ཅུ་པ་བུ་འགྱུར། དེའི་དཀའ་འགྲེལ་སཱ་དྷུ་པུ་ཏྲས་མཛད་པ་འགོས་གཞོན་ནུ་དཔལ་གྱི་འགྱུར།
དུས་ཞབས་པའི་སྦྱོར་དྲུག་མན་ངག ཤ་ཝ་རིའི་གཞུང་ཆུང་། དུས་ཞབས་པའི་ཉི་ཟླ་སྒྲུབ་པ། ཡེ་ཤེས་སྤྱན་སྒྲུབ། བི་བྷཱ་ཏི་ཙནྡྲ་ཉིད་ཀྱིས་མཛད་པའི་ནང་གི་སྙེ་མ་རྣམས་དེ་ཉིད་ཀྱི་རང་འགྱུར། སྦས་པ་
མིག་འབྱེད་རྩ་འགྲེལ་ཟླ་བ་གྲགས་པའི་འགྱུར། བཤད་སྦྱར་མི་གཡོ་སྙིང་པོའི་སྣང་བ་དཔང་འགྱུར། ཨ་བྷ་ཡའི་སྡོམ་ཚིག་ཁྱེའུ་གང་འགྱུར། དུས་འཁོར་ལ་འཇུག་པ་དང་། ཉི་མ་དཔལ་གྱི་མཚན་བརྗོད་
འགྲེལ་པ་བདུད་རྩི་ཐིགས་པ་ཆག་འགྱུར། དཔེ་མེད་འཚོའི་མཚན་བརྗོད་འགྲེལ་པ་བདུད་རྩི་ཐིགས་པ་སྒྲོན་གསལ་ཤོང་འགྱུར། འཇམ་དབྱངས་གྲགས་པའི་མཚན་བརྗོད་རྣམ་བཤད་དང་། དུས་