R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 53b
[A:53b]འཁོར་བའི་དེའི་ཕན་ཡོན་འགྲེལ་པ་སྦལ་རྡོ་རྗེ་རྒྱལ་པོའི་འགྱུར། ཕྱག་རྡོར་གྱི་སྦྱོར་དྲུག་ཅོག་གྲུའི་འགྱུར། དཔེ་མེད་འཚོའི་སྦྱོར་དྲུག་གཉལ་བ་མི་མཉམ་བཟང་པོའི་འགྱུར། དེའི་འགྲེལ་པ་བརྗེད་བྱང་ཉི་མ་
དཔལ་གྱིས་མཛད་པ་བི་བྷཱུ་ཏིའི་རང་འགྱུར་དང་དཔང་འགྱུར། ཙ་མིའི་སྦྱོར་ཕྲེང་དགེ་ཚུལ་ཤེས་རབ་དཔལ་གྱི་འགྱུར། བསྟོད་པ་རྒྱུན་ཆགས་ཀ་ལིངྐིའི་རྒྱལ་པོའི་བླ་མ་སཱ་དྷུ་ཀིརྟིས་མཛད་པ་འདན་མ་ཚུལ་
ཁྲིམས་སེང་གེའི་འགྱུར། རྣལ་འབྱོར་མའི་དབྱུ་གུ་དྲུག་ཅུ་རྩ་བཞིའི་གཏོར་ཆོག་ལོ་གྲགས་པའི་འགྱུར། མཎྜལ་གྱི་ཆོ་ག་ཉི་མ་རྒྱལ་མཚན་གྱི་འགྱུར། གཞན་ཡང་རྣལ་འབྱོར་
གསུམ་གྱི་སྙིང་པོ་གསལ་བ་དང་། ཤཱཀྱ་ཤྲཱིའི་རྡོ་རྗེ་ཚིག་གི་སྙིང་པོ་བསྡུས་པ་དང་། ལྔ་བསྡུས་གཟའ་ལྔ་ཉི་ཟླ་འཛིན་པའི་རྩིས་ཡིག་སོགས་བྱུང་ངོ་༎ འདི་དག་ནི་རྩ་བའི་རྒྱུད་ལས།
ཡུལ་གྱི་སྒྲ་ཡིས་དོན་རྙེད་པ༎ དེ་ལ་བསྟན་བཅོས་སྒྲ་ཡིས་ཅི༎ ཞེས་དང་། དྲི་མེད་འོད་ལས། བོད་ཀྱི་ཡུལ་དུ་ཐེག་པ་གསུམ་བོད་ཀྱི་སྐད་ཀྱིས་བྲིས་ཏེ་ཞེས་གསུངས་པའི་དོན་ཏོ༎ དཔག་བསམ་སྙེ་མ་ལས་ལོ་ཙཱ་བས་བོད་སྐད་དུ་བསྒྱུར་བའི་ལེའུ་སྟེ་བཞི་པའོ༎ ༎ བླ་མ་དམ་པའི་བརྒྱུད་པ་བར་མ་ཆད་པའི་ལེའུ་སྟེ་ལྔ་པ། ད་ནི་བླ་མ་དམ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་བར་མ་ཆད་པ་ཇི་ལྟ་བུ་ཞེ་ན། གྱི་ཇོ་ལུགས་དང་། འབྲོ་