R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 55a
[A:55a]ནས་གཉོས་སྟོན་ཡེ་ཤེས་མཆོག་གིས་གདན་དྲངས་གསེར་སྲང་བཅོ་བརྒྱད་ཕུལ། དེ་ནས་གྲ་པ་མངོན་ཤེས་ཀྱི་གདན་དྲངས་ལོ་གསུམ་དུ་ཆོས་སྟོན་གསོལ། དེའི་བར་དུ་ཉིན་རེ་
བཞིན་ཇ་འདྲེན། ནམ་མཇལ་རེས་ཕྱག་རྟེན་འབུལ་བ་མ་ཆད་པར་བྱས། དེ་ནས་སྟོན་པ་རྡོ་རྗེ་རྒྱན་གྱིས་སྐར་ཆུང་དུ་གདན་དྲངས། དེ་རྣམས་སུ་རྒྱུད་འགྲེལ་ཚར་རེ་རེ་གསུངས། གཞན་ཡང་སྟག་ཚལ་སྨོན་གྲོའི་
འཇམ་སྒོམ་གྱིས་འབུལ་བ་ཆེར་བྱས་པས་སོར་བསམ་གྱི་ཁྲིད་གནང་། དེ་ནས་རྒྱ་གར་དུ་ཐེགས་པའི་ཚེ་ཇོ་བཙུན་རིན་ཆེན་ཚུལ་ཁྲིམས་ཀྱིས་གསེར་སྲང་དྲུག་ཕུལ། བལ་ཡུལ་གྱི་བར་དུ་ཞབས་ཏོག་བྱས་ཤིང་།
གསེར་མང་བའི་གྲགས་པས་ཇག་པ་མང་པོ་བྱུང་བ་ལ་སྲོག་དང་བསྡོས་ནས་པཎ་ཆེན་གྱི་སྐུ་སྲུང་བྱས་པས་ཤིན་ཏུ་མཉེས་ཏེ། སོར་བསམ་གྱི་གདམས་པ་གནང་བས་མཁའ་སྤྱོད་དུ་གཤེགས་སོ༎
མང་ཡུལ་གྱི་མཚན་ལྡན་མ་སྲི་ཐར་རྒྱན་གྱིས་རང་ལུས་ཕུལ་ཏེ་ཞུས་པས་སོར་བསམ་ལས་མ་གནང་ཡང་གྲུབ་པ་བརྙེས། དེ་ནས་པཎ་ཆེན་གྱིས་མ་ག་དྷར་བྱོན་ཏེ་རྡོ་རྗེ་གདན་དུ་བླ་མའི་མཆོད་པ་ལ་གསེར་
མང་པོ་ཕུལ། ཆོས་འཁོར་ཟླ་མེད་པ་བཙུགས། མཆེད་པོ་འདུལ་བའི་འབྱུང་གནས་བློ་གྲོས་དང་། སེང་གེ་རྒྱལ་མཚན་ལ་ཡང་རྒྱུད་ཀྱི་དཀའ་གནས་དང་། གདམས་ངག་ལ་སྒྲོ་འདོགས་བཅད་ནས་སླར་ཡང་བོད་