R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 5b
[A:5b]བར་ཉིན་ཞག་འགའ་ཞིག་ལ་ཡུད་ཙམ་གྱིས་བགྲོད་ནས། མི་ཕྲོགས་པ་འབྲས་བུའི་རྒྱུད་གྲུབ་སྟེ་མངོན་པར་རྫོགས་པར་སངས་རྒྱས་སོ༎ གང་དུ་སངས་རྒྱས་པའི་ཞིང་ནི་སངས་རྒྱས་ཀྱི་ས་ཞེས་རྣམ་པར་
བཤད་པ་དེ་ཉིད་ཡིན་ལ། ས་དེ་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་འདི་དག་ལ་ནི་ཉེ་ལ་འདི་དག་ལ་ནི་རིང་ངོ་ཞེས་པ་དང་། སྟེང་འོག་ལ་སོགས་པའི་རྣམ་པར་དབྱེ་བ་མེད་ཅིང་། དོན་དུ་བདེ་སྟོང་
དབྱེར་མེད་པ་དེ་ཉིད་ཀྱི་སྟོང་བའི་གཟུགས་བརྙན་གྱི་ཆ་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ། སངས་རྒྱས་ཀྱི་ཞིང་དང་། ཆོས་འབྱུང་དང་། རྡོ་རྗེ་བཙུན་མོའི་བྷ་ག་དང་། སེང་གེའི་ཁྲི་ལ་སོགས་པའི་མིང་གི་རྣམ་གྲངས་མང་
པོ་བཏགས་པ་དེའོ༎ སངས་རྒྱས་ཐོག་མ་ཐ་མ་མེད༎ དང་པོའི་སངས་རྒྱས་རིས་མེད་པ༎ ཡེ་ཤེས་མིག་གཅིག་དྲི་མ་མེད༎ དེ་བཞིན་གཤེགས་པ་ཡེ་ཤེས་སྐུ༎ ཞེས་པ་ལྟར་སངས་རྒྱས་ཀྱི་ཞིང་དང་སངས་རྒྱས་
ཐམས་ཅད་ཀྱང་ཡེ་ཤེས་གཅིག་གི་ངོ་བོ་ཡིན་ལ། དེ་ཉིད་གདོད་མ་ནས་འཁོར་བའི་གནས་སྐབས་སུ་ཡང་རིགས་མི་འགྱུར་བར་གནས་ཤིང་སངས་རྒྱས་རང་སྣང་གི་སྐུ་ནི་གཅིག་པུ་ཁོ་ནའོ༎ བདེ་སྟོང་དབྱེར་མེད་
པ་ཡེ་ཤེས་ཀྱི་སྐུ་གཅིག་པུ་གང་ཞེ་ན། དོན་དམ་པའི་བདེན་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཆ་ཤས་ཡོངས་སུ་རྫོགས་པའི་འོད་གསལ་བའི་ཡུལ་ཅན་ཡེ་ཤེས་དང་། ཡེ་ཤེས་དེ་ཉིད་ཤེས་