R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 5a
[A:5a]གཡོ་ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ༎ ཞེས་པ་ལྟར་གྱུར་ཏེ། ཁམས་གསུམ་གྱི་གནས་ཐམས་ཅད་ལས་རྣམ་པར་གྲོལ་བས། སྲིད་པའི་
གནས་སུ་གྱུར་བ། ཡངས་པ་དང་། དོག་པ་དང་། མཐོ་བ་དང་དམའ་བ་དང་། བཀྲ་བ་དང་མི་བཀྲ་བའི་རྟེན་དང་བརྟེན་པ་ནམ་ཡང་མེད་ཅིང་། ལུས་ཀྱི་ཆོས་ཐམས་ཅད་ལས་གྲོལ་བས་བཞེངས་པ་དང་།
བཞུགས་པ་དང་། བརྐྱང་བ་དང་། བསྐུམ་པ་དང་། སྤྱན་འབྱེད་པ་དང་། འཛུམས་པ་ལ་སོགས་པའི་སྤྱོད་ལམ་རྣམས་ཀྱང་མེད་ལ། ངག་གི་ཆོས་ཐམས་ཅད་ལས་གྲོལ་བས་དབུགས་འབྱུང་བ་དང་། རྔུབ་
པ་དང་། རྐན་དང་ལྕེ་བསྐྱོད་པ་སོགས་ལས་བྱུང་བའི་ངག་དང་མིང་ཚིག་ཡི་གེའི་ཚོགས་དང་བྲལ་ཞིང་། ཉོན་མོངས་པའི་སེམས་ལས་རྣམ་པར་གྲོལ་བས་རླུང་དང་རྗེས་སུ་མཐུན་པར་འཇུག་པའི་རྣམ་པར་རྟོག་
པའི་དྲ་བ་དང་། ལས་ཀྱི་སྣང་བ་མཐའ་དག་ཡོངས་སུ་འགག་ལ། དེ་ལྟ་ན་ཡང་མཐའ་ཡས་པ་མཐའ་ཡས་པའི་སེམས་ཅན་གྱི་ཁམས་རྣམས་སུ། སྐུ་དང་གསུང་དང་ཐུགས་ཀྱི་སྤྲུལ་བ་མཐའ་ཡས་པ་
འཇུག་པས་ཆད་པ་མེད་པའི་སེམས་ཅན་གྱི་དོན་མཛད་ཅིང་། སྔར་གྱི་ལམ་ཉིད་གོམས་པ་ལྷུར་ལེན་པ་ཉིད་ལས་ལམ་གསར་པ་ལ་སློབ་པ་ནམ་ཡང་མེད་པས། ས་གཉིས་པ་དྲི་མ་མེད་པ་ནས་ས་བཅུ་པའི་