[A:56a]པར་གནང་། དེས་ཀྱང་གཞན་ལ་མ་བསྟན་པར་ཡེར་ངག་རྩེ་གཅིག་ཏུ་བསྒོམས་པས་ཡན་ལག་དྲུག་མཐར་ཕྱིན་ཏེ་ལུས་མ་སྤངས་པར་འོད་ཀྱི་གོང་བུ་ཅིག་ཏུ་གྱུར་
ནས་ཡེ་ཤེས་ཀྱི་སྐུ་གྲུབ་པོ༎ པཎ་ཆེན་བོད་སྐད་ལ་ཤིན་ཏུ་བྱང་པས། དོན་དམ་བསྙེན་པའི་འགྱུར་མཛད་པའང་ཤིན་ཏུ་བཟང་ལ། མངའ་རིས་སུ་ཕྱིས་བྱོན་དུས་འགྲེལ་ཆེན་ལ་ཡང་རང་འགྱུར་མཛད་པས་
འབྲོ་འགྱུར་ལས་ཆེས་བཟང་ཞེས་གྲག་གོ། སླར་ཁ་ཆེར་བྱོན་ཏེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་བརྙེས་སོ༎ ལྕེ་བཟང་ཡུལ་བས་དུས་ཕྱིས་གཉན་ལོ་ལ་ཡང་དུས་འཁོར་གསན་ནས། དོལ་པ་མགོ་ཉི་
མ་ལ་གནང་། དེས་ཀླུབས་དགེ་འདུན་གྲགས། དེས་ཀླུབས་ཇོ་སྲས་སྟེང་ལམ་པ། དེས་གཉལ་སྟོད་ཀྱི་གླན་བང་སོ་པ་ཆོས་ཀྱི་དབང་ཕྱུག་ལ་བཤད་པ་སོགས་བྱུང་ངོ་༎ ཡང་ཀླུབས་ཇོ་སྲས། ཤོ་སྟོན།
ཤེས་རབ་སྤྱན་ལྡན། སྟག་ལུང་པ་མངྒ་ལ་གུ་རུ་སོགས་བྱུང་ངོ་༎ འབྲོ་ལོ་ཙཱ་བས་ཀྱང་དགེ་བཤེས་རྒྱ་གླིང་པ། དེས་གཞལ་སྟོད་ཀྱི་བྱ་ལོ་ཙཱ་བ་ཟླ་བ་འོད་ཟེར། དེས་དུས་འཁོར་ལ་དགའ་བ། དེས་དུས་འཁོར་བ་ཆོས་ཀྱི་ཤེས་རབ་ལ་བཤད་པ་སོགས་བྱུང་ངོ་༎ ༎ ༢ ལྷ་རྗེ་སྒོམ་པ་དཀོན་མཆོག་སྲུང་། པཎ་ཆེན་དེའི་གངས་ཅན་གྱི་སྲས་གཅིག་པུ་ལྷ་རྗེ་སྒོམ་པ་དཀོན་མཆོག་སྲུང་ནི། འཕན་ཡུལ་གྲབ་ཏུ་སྐུ་འཁྲུངས།