[A:56b]རྟེན་དགེ་བསྙེན་སྨན་དཔྱད་ལ་བྱང་བས་འགྲོ་དོན་ཆེ། མངོན་པ། ས་སྡེ། གསང་འདུས་འཕགས་སྐོར། གཤེད་སྐོར། བདེ་དགྱེས་སོགས་གསང་སྔགས་ཕལ་མོ་ཆེ་མཁས་པར་མཁྱེན། བསྙེན་སྒྲུབ་ཕུལ་དུ་
ཕྱིན་པས་གྲབ་སྒོམ་དུ་གྲགས་ཤིང་། ཐུན་མོང་གི་དངོས་གྲུབ་ལ་མངའ་བརྙེས་པ་དེས། པཎ་ཆེན་ཟླ་མགོན་བོད་དུ་འབྱོན་ཐེངས་བར་བའི་རེས་ལ་མཇལ་བས་ཤིན་ཏུ་དད་དེ། ཡོ་བྱད་ཐམས་ཅད་བསྡུས་པས་
གསེར་སྲང་དྲུག་བྱུང་བ་ཕུལ། དར་ཡུག་ཅིག་སྐེ་ལ་བཏགས་ལུས་ཕུལ་ནས་ཞབས་ཏོག་མཐོ་བར་མཛད། མཁྱེན་པ་ཆེ་ཞིང་ཅི་གསུང་བཀའ་བཞིན་བསྒྲུབས་པས་དགྱེས་ཏེ། དབང་རྒྱུད་འགྲེལ་མན་ངག་མ་
ལུས་པ་དང་། གཞན་ཕན་གྱི་བཀའ་གཏད་རྗེས་གནང་དང་བཅས་པ་སྩལ། པཎ་ཆེན་རྒྱ་གར་ལ་འབྱོན་པའི་ཕྱགས་༼ཕྱག་༽ཕྱི་ཐོགས་ནའང་མ་ཁྲིད་པར་འཕན་ཡུལ་གྲབ་ཉིད་དུ་རྩེ་གཅིག་ཏུ་སྒོམ་དུ་བཅུག་པས་ཐུགས་
དམ་གྱི་ལྷ་མང་པོའི་ཞལ་གཟིགས། ཡེ་ཤེས་ཀྱི་ནང་རྟགས་མཐར་ཕྱིན། མངོན་ཤེས་ལྔ་གྲུབ། རླུང་གཙུག་ཏོར་དུ་འཆིང་ནུས། རྒྱུད་འགྲེལ་འབྲོ་འགྱུར་གྱི་སྟེང་ནས་བཤད་པས་འབྲོ་ཡང་བཀའ་དྲིན་ཆེ་ཞེས་
བརྒྱུད་པ་ལ་འཛུད་པར་མཛད་ལ་འབྲོ་ལུགས་ཞེས་གྲགས་སོ༎ བླ་མ་དེས་གཞན་ལ་གཞུང་བཤད་ཆེར་མ་མཛད། ཆོས་རྣམས་སྒྲོ་སྟོན་ལ་གནང་ནས། ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་མྱ་ངན་ལས་འདས་