R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 57a
[A:57a]སོ༎ ཕྱི་རྟེན་རིང་བསྲེལ་མང་པོ་འབྱུང་བ་ཞིག་འཕན་ཡུལ་རག་མའི་ནང་ན་དེང་ཡང་ཡོད་ཅེས་གྲགས་སོ༎ ༎ ༣ ཐུགས་སྲས་སྒྲོ་སྟོན་གནམ་རྩེགས། དེ་ཉིད་ཀྱི་ཐུགས་སྲས་སྒྲོ་སྟོན་ནི། འཁྲུངས་ས་
འཕན་ཡུལ་སྒྲོ་རིས། གདུང་སྒྲོ། མཚན་གནམ་ལ་རྩེགས། རྟེན་དགེ་བསྙེན་ན་བཟའ་དཀར་པོ་ཅན། དགུང་ལོ་ཉི་ཤུ་རྩ་དྲུག་པ་ལ་གཡུ་རྙིང་ཕུལ་གང་རྒྱགས་སུ་བསྣམས་ནས་ལེང་ཤཱཀྱ་བརྩོན་འགྲུས།
འབྲོག་མི་ཤཱཀྱ་ཡེ་ཤེས། འགོས་ཁུག་པ་ལྷ་བཙས་ཏེ་ལོ་ཙཱ་བ་གསུམ་གྱི་སློབ་མ་དགེ་བཤེས་ལོ་རོ་བ་ཞེས་པའི་དྲུང་དུ་ཡོལ་དབུས་སྡེར་བྱོན་ཏེ་དགུང་ལོ་ལྔ་བཅུ་རྩ་བརྒྱད་ཀྱི་བར་དུ། ཕར་ཚད་མངོན་གསུམ།
བྱ་སྤྱོད་རྣལ་གསུམ། བདེ་དགྱེས་གསང་གསུམ། སྒྱུ་ཐོད་གདན་གསུམ་སོགས་ལ་སློབ་གཉེར་མཛད་དོ༎ ལོ་རོ་བའི་ཞལ་ནས་མཆིམས་བྱ་བའི་སྔགས་པ་ཆེན་པོ་ཞིག་ཡོད་པ་ལ། འདི་ན་ནིང་ཙ་ན་རྡོ་རྗེ་འཛིན་
པ་དང་འདྲ། ང་བ་ལང་དང་འདྲ། ད་ང་ཡང་ལོ་ཙཱ་བ་གསུམ་ལ་ཐུག་པས་རྡོ་རྗེ་འཛིན་པ་དང་འདྲ། དུས་འཁོར་ཤེས་པ་གཅིག་བྱུང་ན་ད་དུང་ང་བ་ལང་དང་འདྲ་བར་འདུག་གསུང་པས། བླ་མ་གནམ་རྩེགས་དུས་འཁོར་
ཤེས་པ་ཅིག་བྱུང་ན་སྙམ་དུ་སེམས་ཞིང་། དགེ་བཤེས་དེ་ལ་ཐིག་ལེ་སྐོར་གསན་པའི་སྐབས་སུ། རྒྱ་གར་ནས་པཎྜི་ཏ་སོ་མ་ནཱ་ཐ་ཞེས་པ་དུས་འཁོར་མཁྱེན་པ་ཅིག་འབྱོན་འདུག་ཅེས་གསན་ནས། བླ་མ་ལ་