R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 57b
[A:57b]ཞུས་པས། ཁྱོད་མཇལ་འདོད་ཆེ་བར་འདུག་པས་ཆོས་གྲོལ་མ་ཐག་སྔོན་ལ་སོང་། ང་ཕྱི་ལ་ཡོང་གི་གསུང་པས་བྱོན་ཏེ་པཎ་ཆེན་ལ་གསེར་སྲང་བཅུ་གཉིས་ཕུལ་ནས་མཇལ་ཏེ། སླད་མར་ཞིང་གཟིང་
མ་ཅན་ཙོངས་ཏེ་རྟ་ནག་བཟང་པོ་ཅིག་ཕུལ། ཀོང་པོ་ཚུན་ཕྱགས་༼ཕྱག་༽ཕྱིར་འབྲེངས་ཞབས་ཏོག་ཡུན་རིང་དུ་བྱས་པས་དབང་དང་སོར་བསམ་གནང་སྟེ་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། ཆོས་གཞན་མ་ཐོབ་
པ་དང་། པཎ་ཆེན་དང་བླ་མ་སྒོམ་པ་གཉིས་འགོལ་དུས་ཞུས་གཏུགས་མཛད་ཅིང་གཞན་བྱུང་བ་དང་འཕྲོ་གཅོད་པ་གཟིགས་ནས། གདམས་ངག་ཐམས་ཅད་བླ་མ་སྒོམ་པ་ལ་གནང་ཡོད་དགོངས་ཏེ་སྒོམ་པ་
ལ་གསེར་ཕུལ་ནས་ཞུས་པས། བཀའ་རྒྱ་ཡོད་གསུངས་ནས་མ་གནང་། དེ་ནས་པན་ཆེན་རྒྱ་གར་ལ་གཤེགས་པའི་ཤུལ་དུ། འཕན་ཡུལ་ཡུར་མའི་མདའི་རྣོར་བཟང་སུ་ལོ་གསུམ། ཡེར་པར་ལོ་
གསུམ། བླ་མ་སྒོམ་པ་གོ་བཏེག་མཛད་ནས། སེམས་འགྲེལ་སྐོར་གསུམ་མན་ངག་ཕྲན་དང་བཅས་པ་ཡོངས་སུ་རྫོགས་པ་དང་། གསང་འདུས་འཕགས་སྐོར་སོགས་བུམ་པ་གང་བྱོའི་ཚུལ་དུ་ཞུས།
དེ་རྗེས་བླ་མ་མྱ་ངན་འདས་པའི་སྐུ་མདང་མཛད། རྣོར་བཟང་ཉིད་དུ་ཐུགས་དམ་ལས་མི་གཡེལ་བར་བཞུགས་པ་ན། ཕྱིས་པཎ་ཆེན་བོད་དུ་ཕེབས་དུས་སློབ་མ་རྣམས་ཀྱི་ལྷ་རྗེ་སྒོམ་པས་གདམས་