[A:58a]ངག་ཐམས་ཅད་སྒྲོལ་བྱིན་ནས་ཁོང་རང་གཤེགས་སོ་ཞེས་ཞུས་པས། སྒྲོ་སྟོན་གྱི་པཎ་ཆེན་མཇལ་དུ་འོངས་པའི་དུས་སུ། ངས་ཆོས་གང་འདོད་སྦྱིན་ནོ་གསུངས་པ་ལ།
གཞོན་དུས་སུ་ནི་གནད་དུ་མ་བཞེད་ང་རྒས་པས་མི་ཞུ་བྱས་པས། ཁྱོད་དཀོན་མཆོག་སྲུངས་ཀྱི་ཆོས་ཀྱིས་ངོམས་འདུག་སྟེ། དེ་ང་ལས་མ་བྱུང་ན་སུ་ལས་བྱུང་གསུངས་ནས་ཕྱག་བྱུགས། བླ་མ་ཆེན་པོའི་
བཀའ་དྲིན་ལགས་ཞུས་པས། གང་གང་བྱིན་གསུངས། འདི་དང་འདི་རྣམས་གནང་ལགས་ཞུས་པས། དེ་ལས་ང་ལ་ཡང་མེད་ཐམས་ཅད་རྫོགས་པར་བྱིན་འདུག་དེ་གཞན་ལ་སྟེར་རི་མནའ་སྐྱོལ་གསུངས་ནས་
མགུལ་ལ་ཕྲེང་བ་བཅུག དེར་བླ་མས་ནི་རྫོགས་པར་མ་གནང་བླ་མ་སྒོམ་པ་ལ་ཞུས་པ་ལགས་མོད། ཞུས་པས་ཕྲེང་བ་ཕུད་དེ་ངན་པ་འདི་གསུང་ནས་དབུ་ལ་བྱེ་མ་སྦར་གང་རྒྱབ། རེ་ཤིག་ན་ད་འོ་ན་ཁྱོད་ཀྱིས་
གཞན་ལ་སྟོན་ལ་མགོ་ལུས་ཚང་བར་བྱིན་ཅིག་ཅེས་རྗེས་སུ་གནང་བ་ཡང་ཐོབ། སྒྲོ་སྟོན་གྱིས་རང་གི་ཡོ་བྱད་ཡོད་དོ་ཅོག་ཕུལ་བས་པཎ་ཆེན་མཉེས་ཏེ། དབང་རྣམས་རྫོགས་པར་བསྐུར། རྒྱུད་འགྲེལ་གྱི་
དཀའ་གནས་རྣམས་དྲི་གཏུགས་མཛད་ཅིང་གསན། དེ་ལྟར་པན་ཆེན་དང་བླ་མ་སྒོམ་པ་ལས་སེམས་འགྲེལ་སྐོར་གསུམ། གསུང་གདམས་ངག་ཆ་ལག་དང་བཅས་པ་མ་ལུས་པར་གསན་ནས། ཆོས་ཕྲན་